མཛོད་དགེ་རྫོང་གི་སོ་ནམ་པ་ཞིང་རྨོ་བར་བྲེལ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-03-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         མཛོད་དགེ་རྫོང་གི་ས་གནས་སོ་སོའི་ས་བབ་མཐོ་ཚད་ལ་ཧེ་བག་ཆེན་པོ་ཡོད་པའི་དབང་གིས། ས་བབ་དམའ་བའི་ས་ཁུལ་གྱིས་ཞིང་རྨོ་བའི་ལས་དོན་གཅིག་རྗེས་གཉིས་མཐུད་ཀྱིས་མགོ་རྩོམ་བཞིན་གདའ། ཆོས་རྗེ་ཡུལ་ཚོས་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཞིང་རྨོ་བའི་ལས་ཀའང་དེ་བསྟུན་གྱིས་དམ་འཛིན་བྱས།

           ཉེ་ཆར། མཛོ་དགེ་རྫོང་དུ་ཁངས་ཆེན་པོ་བབས་ཀྱང་། གནམ་ཐང་རྗེས་ཁ་བ་ཞུ་སོང་བ་དང་། ས་རྒྱུའི་བཞའ་ཚན་ཆེ་རུ་ཕྱིན་པས། ནས་དང་གྲོ་སོགས་ལ་ཤིན་ཏུ་སྨན། 

      ཆོས་རྗེ་ཡུལ་ཚོའི་ཞིང་ཁར་འཕྲུལ་འཁོར་གྱིས་ཞིང་རྨོད་བཞིན་ཡོདཔ་དང་། ཞིང་བ་རྣམས་ས་བོན་འདེབས་བ་དང་ས་ཞིང་ཁོད་སྙོམས་པར་བྲེལ་བཞིན་འདུག

     རྒྱུས་ལོན་པ་ལྟར་ན། ད་ལོར། ཆོས་རྗེ་ཡུལ་ཚོས་འབྲུ་རིགས་ལོ་ཏོག་མུའུ་3722འདེབས་པ་དང་། དཔལ་འབྱོར་ལོ་ཏོག་ཁྱོན་མུའུ་2573འདེབས་པ་སོགས་བསྡོམས་པས་ལོ་ཏོག་མུའུ་7359འདེབས་ངེས་རེད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།