ཧུང་ཡོན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྨན་བཅོས་གད་སྙིགས་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-03-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཐོན་པ་ནས་སྨན་བཅོས་ཀྱི་གབ་སྙིགས་དུས་ཐོག་དང་། གོ་རིམ་ལྡན་པ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་ཆེད། ཧུང་ཡོན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཧུང་ཡོན་རྫོང་མི་དམངས་སྨན་ཁང་དང་། ཧུང་ཡོན་རྫོང་བོད་སྨན་ཁང་། ཧུང་ཡོན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་དེ་བཞིན་ཡུལ་གྲོང་འཕྲོད་བསྟེན་ཁང་ཁག་གིས་སྨན་བཅོས་ཀྱི་གང་སྙིགས་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་18ཉིན་བར། ཁྲིམས་འཛིན་མི་སྣ་མི་ཐེངས་60ལྷག་གིས་རྫོང་ཡོངས་ཀྱི་སྨན་བཅོས་གད་སྙིགས་སྟོང་ཁེ་360.2བརྒྱུད་འདྲེན་བྱས་པ་དེའི་ནང་ཧུང་ཡོན་རྫོང་མི་དམངས་སྨན་ཁང་གིས་སྟོང་ཁེ་213.6དང་། ཧུང་ཡོན་རྫོང་སྨན་རྩིས་ཁང་གིས་སྟོང་ཁེ་104.52། ཧུང་ཡོན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྟོང་ཁེ་38.65། ་ཧུང་ཡོན་རྫོང་མ་བུའི་བདེ་སྲུང་ཁང་གིས་སྟོང་ཁེ་3.43སོགས་བརྒྱུད་འདྲེན་བྱས་པ་རེད། དེ་མིན་དག་ཐེར་བསམ་འཆར་11གཤམ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།