ཁྱེད་རྣམ༵ས་དང་ཁྱེད་རྣམ༵་པ།

རྩོམ་པ་པོ།    ཛམ་ཐང་བ་ལྕགས་མདའ། དུས་ཚོད།   2020-03-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          དེ་ཡང་ས་པཎ་མཁས་འཇུག་ཏུ། ལྷས་བྱིན། ལྷས་བྱིན་དག ལྷས་བྱིན་རྣམས་ཞེས་བྱུང་ཞིང་། ལྷས་བྱིན་ནི་གཅིག་ཚིག་དང་། ལྷས་བྱིན་དག་ནི་ཉིས་ཚིག ལྷས་རྣམས་ནི་མང་པོ་སྟོན་པའི་ཚིག་ཅེས་གསུངས། དེས་ན་རྣམས་ཞེས་པ་འདི་མང་པོ་སྟོན་པའི་ཚིག་ཡིན་པ་ཤེས་སླ།
        དཔེར་ན། མི་རྣམས། འདིར་གནས་པ་རྣམས། རྒྱུ་ནོར་རྣམས་བགོ་བཤའ་བྱས། ལྟ་བུའོ། །
       རྣམ་པ་ཞེས་པ་འདི་སྤྱིར་དངོས་པོའི་དབྱིབས་དང་ཁ་དོག་སོགས་ལ་གོ་བ་ཡིན་ཏེ། དཔེར་ན། ཁང་པའི་རྣམ་པ། གདོང་གི་རྣམ་པ། པར་གྱི་རྣམ་པ། ངོ་བོ་གཅིག་ལ་རྣམ་པ་ཐ་དད། ཅེས་པ་ལྟ་བུ་སོགས་སོ། །
       ཚིག་མགོར་ཁྱེད་སོགས་སྦྱར་ན། ཁྱེད་རྣམ་པ། སྐུ་མགྲོན་རྣམ་པ། མགོ་ཁྲིད་རྣམ་པ། ལྟ་བུ་སོགས་ཏེ། མི་དུ་མ་སྟོན་པར་འཇུག་ལ། ཁྱད་པར་དུའང་གུས་པའི་ཚིག་ཏུ་འགྱུར་རོ། །
      དེ་ལས་གཞན་དུ། ཚིག་གྲོགས་ལ་པ་ཡིག་སྦྱར་ན། ངེས་པར་རྣམ་པ་ཞེས་ས་དྲག་མེད་པར་འབྲི་བ་ལས། རྣམས་པ་ཞེས་ས་དྲག་ཅན་འབྲི་བ་ནི་དག་ཆ་མ་ཤེས་པའི་སྐྱོན་ཡིན་ནའང་། མི་ཤེས་པ་འགའ་རེས་དེ་ལྟར་བྲིས་པའང་མང་དུ་འདུག །
       དེ་བས་རྣམས་དང་རྣམ་སྟེ། སྔ་མ་ནི་མི་དང་དངོས་པོ་སོགས་དུ་མ་སྟོན་པའི་ཚིག་ཙམ་དང་། ཕྱི་མ་ནི་མི་གཉིས་སམ་གཉིས་ཡན་ལ་འབོད་པའི་ཞེ་ཚིག་     ཡིན་ཏེ། ཁྱེད་རྣམ་པ་གཉིས། སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ། ལྟ་བུའོ། །
       འགའ་རེས་གྲོགས་པོ་རྣམས༵་པ༵། འགོ་ཁྲིད་རྣམས༵་པ༵་ཞེས་བྲིས་པ་དག་གམ་ཞེ་ན། མ་དག་གོ །ངེས་པར་གྲོགས་པོ་རྣམ༵་པ༵། འགོ་ཁྲིད་རྣམ༵་པ༵། ཞེས་བྲི་བར་བྱའོ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།