ཐོན་ལས་དབུལ་སྐྱོར་ཟམ་མི་ཆད། མང་ཚོགས་རྣམས་ལ་རེ་བས་ཁེངས།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-03-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཟླ་3ཚེས་10ཉིན་བཙན་ལྷ་རྫོང་ཟུར་ཡུལ་ཚོའི་མ་ཡུའུ་གྲོང་ཚོའི་གྲོང་མི་ལི་ཧྭ་དབྱིང་གིས་ཁ་རས་གྱོན་ནས་གྲོང་ཚོ་དེའི་ཁའེ་ཡོན་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར་བསྐྱོད་དེ་ལུས་པོའི་དྲོད་ཚད་འཇལ་རྗེས་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱེད་མགོ་ཚུགས། 

             ཤེས་རྟོགས་བྱུང་བར་གཞིགས་ན། ཁའེ་ཡོན་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིས་དུག་སེལ་བྱ་ཐབས་འཐུས་ཚང་དུ་བཏང་བ་དང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲ་སྒྲིག་བྱས་རྗེས་ཟླ་3ཚེས་9ཉིན་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་དུ་ཚུགས་པ་རེད། ལས་འགོ་བསྐྱར་ཚུགས་སྔོན་ལ་ཉེ་འཁོར་གྱི་གྲོང་གསེབ་ཀྱི་དུད་ཚང་དབུལ་བོར་ལས་གནས་མཁོ་འདོན་བྱས་ནས་དབུལ་བྲལ་དང་རིམས་འགོག་གཉིས་ཀར་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱས། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།