རོང་འབྲོག་འཚོ་བའི་ཁྲོད་ཀྱི་དྲྭ་ལམ་བསླུ་བྲིད་བཟློག་དགོས།

རྩོམ་པ་པོ།   འཕྲིན་སྤེལ་བ་ཏཱ་རེ་ལྷ་མོ། གསར་འགོད་པ་ཚེ་རིང་ལྷ་མོ།དུས་ཚོད།   2020-03-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཉེ་བའི་ལོ་འགའི་རིང་རང་རྒྱལ་དུ་ཁ་པར་དང་དྲ་བའི་བསླུ་བྲིད་ཀྱི་ཁྲིམས་འགལ་ཉེས་བསགས་གྱོད་དོན་མང་བོ་བྱུང་དང་འབྱུང་བཞིན་ཡོད་པས། དེས་མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། གནས་བབ་འདི་ལ་དམིགས་ནས། ཟླ་3པ་ནས་བཟུང་། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་མཐོ་རུ་གཏོང་བ་དང་དྲ་བ་དང་ཁ་པར་གྱི་བསླུ་བྲིད་སྐོར་གྱི་རྣམ་པ་གསར་བའི་ཁྲིམས་འགལ་ཉེས་བསགས་ལ་ཚོད་འཛིན་བྱ་ཆེད། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་དྲྭ་ལམ་བསླུ་བྲིད་ཀྱི་རིགས་ལ་དོགས་ཟོན་བྱེད་དགོས་པའི་སྐོར་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ།

          བྱེད་སྒོར། གཞི་རིམ་གྱི་ཁྲིམས་འཛིན་ཁང་སོ་སོའི་ལས་སྒྲུབ་པ་རྣམས་ཀྱིས་མང་ཚོགས་ལ་དྲིལ་སྒྲོག་ཡིག་ཆའི་འགྱེད་གཏོང་བ་དང་། ཁྱིམ་ཚང་རེ་རེར་བསྐྱོད་དེ་དྲིལ་སྒྲོག་བྱེད་པ་སོགས་རྣམ་པ་མང་པོ་དང་། ཟུར་མང་པོ། རིམ་པ་མང་པོས་དྲྭ་ལམ་བསླུ་བྲིད་ཀྱི་རིགས་ལ་དོགས་ཟོན་བྱེད་དགོས་པའི་ཤེས་བྱ་མང་པོ་ཞིག་དཔེ་མཚོན་དོན་རྐྱེན་དང་སྦྲགས་ཏེ་ཁ་གསལ་ལ་གོ་སླ་བ། བརྗོད་བདེ་ལ་འཛིན་སླ་བའི་ཁ་སྐད་ཀྱིས་མང་ཚོགས་ལ་བསྒྲགས་ཏེ། མགོ་སྐོར་སྔོན་འགོག་གི་ཤེས་བྱའི་འགྱེད་གྱ་ནོམ་པ་བཏང་།

            དྲིལ་སྒྲོག་བྱེད་སྒོར། དྲྭ་ལམ་བསླུ་བྲིད་སྔོན་འགོག་གི་དྲིལ་སྒྲོག་ཡིག་ཆ་1800ལྷག་གི་འགྱེད་བཏང་བ་དང་ཁྱོན་མི་1800ལྷག་ལ་གོ་བསྐོན་སློབ་གསོ་བྱས། དེའི་ནང་ནས་མི་15ཡིས་ཁྲིམས་ལུགས་འདྲི་རྩད་བྱས་པར་ལན་བཏབ།

         ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། འབྲོག་པ་མང་ཚོགས་ལ་དྲ་ལམ་བསླུ་བྲིད་ཀྱི་ཉེན་ཚབས་རང་བཞིན་གསལ་བོ་ཞིག་ངེས་སུ་བཅུག་པ་དང་། མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་དང་བསླུ་བྲིད་ངོས་འཛིན་གྱི་ནུས་པ་བཅས་ལ་སྔར་ལས་ལྷག་པའི་མཐོར་འདེགས་བྱུང་བས། ཁོ་ཚོའི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཐུབ་པར་ཤིན་ཏུ་སྨན་ཏོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།