ཁྱིམ་བྱ་གསོ་སྤེལ་དེ་གྲོང་སྡེ་ཕྱུག་འགྱུར་གྱི་ཐོན་ལས་སུ་གྱུར།

རྩོམ་པ་པོ།   དུས་ཚོད།   2020-03-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

  

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་3ཚེས་13ཉིན། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོ་རྒྱ་རྗེ་གྲོང་སྡེའི་དོན་གྲུབ་ཀྱི་ཁྱིམ་བྱ་གསོ་སྤེལ་ར་བ་རུ་ཁྱིམ་བྱ་དག་གིས་ཟས་རྒུམ་བཞིན་འདུག 2019ལོའི་ཟླ་4བར། ཆོས་རྗེ་ཡུལ་ཚོ་རྒྱ་རྗེ་གྲོང་སྡེའི་གྲོང་མི་དོན་གྲུབ་ཀྱིས་མ་དངུལ་སྒོར་ཁྲི་20ལྷག་བཏང་སྟེ། སྨི་གྲུ་བཞི་མ་800ལྷག་ཡོད་པའི་ཁྱིམ་བྱ་གསོ་སྤེལ་ར་བ་ཞིག་བཙུགས་ཤིང་། ཙི་དབྱང་གྲོང་ཁྱེར་དུ་ཁྱིམ་བྱ་2000ལྷག་ནང་འདྲེན་བྱས། ཞིབ་ཚགས་ཀྱིས་གསོ་སྤེལ་བྱས་ཏེ་ཁྱིམ་བྱ་1700ལྷག་གསོན་ཐུབ་པ་དང་། ན་ནིང་ཁྱིམ་བྱ་1200ཕྱིལ་བཙོང་། དོན་གྲུབ་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱིམ་བྱ་དེ་དག་གསོ་སྤེལ་བྱས་ཤིང་། ཁྱིམ་བྱ་རེར་ཆ་སྙོམས་བྱས་ན་སྒོར་150དང་བྱ་སྒོང་རེ་ལ་སྒོར་2ཁུག ད་སྐབས་མང་ཚོགས་ཀྱིས་ཁ་པར་དང་སྐད་འཕྲིན་བརྒྱུད་གསོ་སྤེལ་བྱས་པའི་ཁྱིམ་བྱ་མངག་ཉོ་བྱེད་བཞིན་ཡོད། རྗེས་ཕྱོགས་དོན་གྲུབ་ཀྱིས་གསོ་སྤེལ་ར་བ་ཡི་གཞི་ཁྱོན་སྔར་བས་ཇེ་ཆེར་བཏང་སྟེ། ཁྱིམ་བྱ་གསོ་སྤེལ་ཐོན་ལས་དེ་རྒྱ་རྗེ་གྲོང་སྡེ་ཕྱུག་འགྱུར་གྱི་ཐོན་ལས་སུ་འཕེལ་རྒྱས་བཏང་ནས་མཐའ་འཁོར་གྱི་མང་ཚོགས་ཕྱུག་པོ་ཡོང་རྒྱུར་སྐུལ་ཁྲིད་བཏང་ངོ་།།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།