མཛོད་དགེས་ཁ་རས་བཟོས་ནས་སློབ་མགོ་ཚུགས་ཐུབ་པར་འགན་ལེན་བྱས།

རྩོམ་པ་པོ།   དུས་ཚོད།   2020-03-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བ། སློབ་མགོ་ཚུགས་དུས་རིམས་འགོག་གི་ལས་དོན་ལེགས་པོར་སྒྲུབ་ཆེད། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་སྐ་ཆུ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཧུའེ་ལིང་གིས་སྐ་ཆུ་སྡེ་ཁུལ་གྱི་མཉམ་ལས་ཁང་གི་ལས་མི་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁ་རས་བཟོས་ཏེ། བདེ་བླག་ངང་སློབ་མགོ་ཚུགས་ཐུབ་པར་གྲ་སྒྲིག་བྱས།

          ཞོགས་པར། གསར་འགོད་པ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་སྐ་ཆུ་སྡེ་ཁུལ་གྱི་མཉམ་ལས་ཁང་དུ་ཐོན་དུས། མཉམ་ལས་ཁང་གི་ལས་མི་ཚོས་གཙང་སྦྲ་དང་དུག་སེལ་བྱེད་བཞིན་འདུག སྐ་ཆུ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཧུའེ་ལིང་གིས། ཟླ་1ཚེས་31ཉིན་མཉམ་ལས་ཁང་ལ་ཁ་རས་བཟོ་དགོས་པའི་བརྡ་འབྱོར་རྗེས། མཉམ་ལས་ཁང་གི་ལས་མི་དང་མང་ཚོགས་རྣམས་ཀྱིས་ཉིན་རེར་སྔ་དྲོ་ཆུ་ཚོད་5བ་ནས་དགོང་མོའི་ཆུ་ཚོད་11པའི་བར་ཁ་རས་བཟོས་ཏེ་རིམས་འགོག་གི་ལས་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་ཕུལ་ཞེས་བཤད།

        རྒྱུས་ལོན་པ་ལྟར་ན། སློབ་མ་ཚོར་བཟོས་པའི་ཁ་རས་ཚང་མ་མཉམ་ལས་ཁང་གིས་ཇུས་འགོད་ཞིབ་ཚགས་བྱས་ཤིང་། ཁ་རས་དཀར་བོས་སློབ་མ་ཚོར་སེམས་ཁྲལ་དང་དོགས་སྣང་སློང་བས་ཆེད་དུ་ཁ་རས་མང་ཆེ་བ་རི་མོ་ཅན་གྱི་རྣམ་པས་བཟོས་ཡོད། སློབ་མ་ལ་ལས་མིག་ཤེལ་གྱོན་དགོས་པས་ཁ་རས་ཀྱི་ཐོག་ལ་སོས་ཉར་སྐྱི་མོ་བསྣན་དེ་དབུགས་འབྱིན་སྐབས་མིག་ཤེལ་ཐོག་སྨུག་པས་ཆགས་མི་ཐུབ་པར་བྱས་ཡོད།

       མིག་སྔའི་བར་དུ། སྐ་ཆུ་སྡེ་ཁུལ་གྱི་མཉམ་ལས་ཁང་གིས་ཁ་རས་36928བཟོས་མོད་དེ་ལས་ཁ་རས་18928མང་ཚོགས་ལ་སྤྲད་པ་དང་། སློབ་མ་རྣམས་ལ་ཁ་རས་18000ཉར་ཚགས་བྱས་ཡོད། མཛོད་དགེ་རྫོང་ལ་སློབ་མ་16000ལྷག་ཡོད་ཅིང་། སྐ་ཆུ་གྲོང་སྡེ་ཁུལ་གྱི་མཉམ་ལས་ཁང་གིས་ཟླ་3ཚེས་20ཉིན་གྱི་སྔོན་ལ་ཁ་རས་15000བཟོ་དགོས་ལ། སློབ་མ་རྣམས་སློབ་མགོ་ཚུགས་དུས་སློབ་མ་རེར་རེར་ཁ་རས་2རེ་ཡོད་པར་འགན་ལེན་བྱས།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།