རང་ཁུལ་གྱིས3·15ཁེ་དབང་སྲུང་སྐྱོང་གི་བྱེད་སྒོ་སྤེལ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-03-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            འཛད་སྤྱོད་ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་དང་། བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཆེད། རང་ཁུལ་གྱིས་2020ལོའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་དམིགས་ནས། 2020ལོའི་དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་བྱེད་སྒོ་དེ་ཟླ་3ཚེས་9ཉིན་ནས་ཟླ་3ཚེས་16ཉིན་བར་རྒྱུན་མཐུད་དུ་སྤེལ།

            རྒྱུས་ལོན་པ་ལྟར་ན། རང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་འབྲེལ་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་། རིན་གོང་། བཟའ་བཅའི་བདེ་འཇགས། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོང་རྒྱུ་གཏན་འགོག་བྱེད་པ་སོགས་གཙོར་བྱས་པའི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། “3·15”འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དང་ཁེ་དབང་སྲུང་སྐྱོང་གི་གནས་ཚུལ། 2019ལོའི་རྔ་བ་ཁུལ་གྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་དཔེ་ཡོངས་སུ་བསྒྲགས།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།