རང་ཁུལ་གྱིས་དཔྱིད་རྨོད་ལས་ཀར་སྐུལ་འདེད་བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-03-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            དཔྱིད་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་རིམས་འགོག་གི་བྱ་བ་གཉེར་བ་དང་ཆབས་གཅིག་དཔྱིད་རྨོད་ལས་ཀ་སྤེལ།

           སྔོན་ནས་དྲིལ་སྒྲོག་བྱས། ལོ་སར་རྗེས་རང་ཁུལ་གྱིས་2020ལོའི་དཔྱིད་རྨོད་དང་ཐོན་ལས་དབུལ་སྐྱོར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་མགོ་ཚུགས་ཤིང་། གྲོང་གསེབ་ཏུ་བསྐྱོད་དེ་ཞིང་འབྲེལ་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། ཁུལ་ཡོངས་ཀྱི་ཞིང་ལས་ལག་རྩལ་བ་252ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་ཤིང་། ལག་རྩལ་མཛུབ་ཁྲིད་དང་བློ་འདྲིའི་ཞབས་ཞུ་མི་ཐེངས་ཁྲི་2.63དང་ལེན་བྱས།

          ཞིང་ལས་རྒྱུ་ཆ་སྔོན་ནས་གྲབས་གསོག་བྱས། མིག་སྔའི་བར་དུ། རང་ཁུལ་གྱིས་ས་བོན་ཏུན་187.85དབོར་འདྲེན་བྱས་ཤིང་། ཞིང་སྨན་ཏུན་84.52དང་ལུད་ཏུན་9356། འགྱིག་ཤོག་ཏུན་4200གྲབས་གསོག་བྱས་པ་དང་། ཞིང་སྤྱོད་རྒྱུ་ཆ་འདང་ངེས་ཤིག་ཡོད་ལ། ཞིང་སྤྱོད་རྒྱུ་ཆ་ཚོང་ཁང་ནས་ཉོ་སྒྲུབ་བྱ་ཐུབ་པར་བྱས་ཏེ་རིན་གོང་ན་ནིང་དང་བསྡུར་ན་ཇེ་དམའ་རུ་བཏང་།

         དམིགས་འབེན་དོན་དུ་འཁྱོལ་བ། རྫོང(གྲོང་ཁྱེར)ཁག་དབྱེའི་དམིགས་ཚད་ལས་འགན་བཟོས་ཏེ་ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྒྱ་ཁྱོན་མུའུ་ཁྲི་71.1དང་། པད་ཁ་ཐོན་སྐྱེད་རྒྱ་ཁྱོན་མུའུ་ཁྲི་6.5། ཞོག་ཁོག་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་23། སྔོ་ཚལ་མུའུ་ཁྲི་30། ཤིང་ཏོག་མུའུ་ཁྲི་25བཅས་འགན་ལེན་བྱས།

          བྱེད་ཐབས་སྔོན་ནས་དོན་དུ་འཁྱོལ་བ། ཁུལ་ཡོངས་ཀྱིས་ཞིང་སྤྱོད་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མི་སྣ་མི་ཐེངས་310ལྷག་བཏང་ནས་ལག་རྩལ་མཛུབ་ཁྲིད་བྱས་ཤིང་། ཆུ་འདྲེན་འཕྲུལ་ཆས་605གྲབས་གསོག་བྱས་པ་དང་། འཕྲུལ་གློག་ཆུ་འདྲེན་ས་ཚིགས་26དང་ཆན་ཝ་950ཟིན་པ་ཉམས་གསོ་སྒྱུར་བཀོད་བྱས་ལ། ཁུལ་ཡོངས་ཀྱི་ས་ཞིང་མུའུ་ཁྲི་67.7ལས་བརྒྱ་ཆ་73དོ་དམ་བྱས་ཚར་བ་དང་། སིལ་སྡོང་མུའུ་ཁྲི་24ལས་བརྒྱ་ཆ་92དོ་དམ་བྱས་ཚར་ལ། གྲོ་མུའུ་ཁྲི་3.9དང་སྔོ་ཚལ་མུའུ་ཁྲི་3.8ལ་ཞིང་ཁར་དོ་དམ་བྱེད་བཞིན་ཡོད།

           དཀའ་ངལ་སྔོན་ནས་ཤེས་རྟོགས་བྱུང་བ། སྡེ་ཁག་བར་མཐུན་སྦྱོར་ལ་ཤུགས་བསྣན་ནས་གྲོང་སྡེ་ལ་ཞིང་སྤྱོད་དངོས་རྫས་ཉོ་སྒྲུབ་བྱས་ཤིང་། ཞིང་སྤྱོད་དངོས་རྫས་རྫུན་མ་དང་སྤུས་ཀ་ཞན་པའི་ཞིང་སྤྱོད་དངོས་རྫས། ཞིང་སྤྱོད་དངོས་རྫས་ཀྱི་རིན་གོང་ཧམ་སྤར་བྱེད་པ་བཅས་ཀྱི་སྤྱོད་ངན་ལ་རྡུང་རྡེག་བཏང་བ་དང་། ཞིང་ཁྱིམ་གྱིས་སྔོ་ཚལ་ཁག་གཅིག་འདེབས་རྒྱུར་ཁྲིད་སྟོན་བྱས་ལ། གསོ་སྦྱོང་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཐོག་མའི་ལས་སྣོན་ཆུ་ཚད་མཐོ་རུ་བཏང་ལ། ཐོན་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་ཐོན་རྫས་གཉེར་འཚོང་བྱེད་ཤུགས་ཆེ་རུ་བཏང་ངོ་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།