རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱིའི་ཆ་ནས་རང་རྒྱལ་གྱི་རེས་སྐོར་འདིའི་རིམས་ནད་ཚབས་ཆེན་གནས་ཚུལ་ཇེ་བཟང་དུ་སོང་ཡོད་པ་བསྟན།

རྩོམ་པ་པོ།   དུས་ཚོད།   2020-03-16   རྩོམ་ཁུངས།    ཞིན་ཧྭ་གསར་འགྱུར་ཁང་།

              རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་མགྲིན་ཚབ་པའམ། དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥོང་ཡིས་ཟླ་3པའི་ཚེས་12ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ། སྤྱིའི་ཆ་ནས་ཡིན་ན། རང་རྒྱལ་གྱི་རེས་སྐོར་འདིའི་རིམས་ནད་ཚབས་ཆེན་གྱིས་དུས་སྐབས་འདས་ཟིན། གསར་འཕར་ནད་ཕོག་ཚད་རྒྱུན་མཐུན་ཇེ་ཉུང་དུ་འགྲོ་བཞིན་ཡོད། རིམས་ནད་སྤྱིའི་ཆ་ནས་ཅུང་དམའ་བའི་ཚད་རྒྱུན་འཁྱོངས་ཐུབ་ཡོད་ཞེས་བསྟན།