ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྲེང་ཟུང་ཆུའི་བྲག་རྭ་དགོན་དུ་ཕེབས་ནས་དགོན་འབྲེལ་གྲྭ་འདྲིས་ཀྱི་ལས་དོན་སྤེལ་བ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-03-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་3ཚེས་11ཉིན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྲེང་ཟུང་ཆུ་རྫོང་ཅིན་ཨན་གྲོང་རྡལ་ཁྲོམ་རྗེ་ཁོག་བྲག་རྭ་དགོན་དུ་ཕེབས་ནས་དགོན་འབྲེལ་གྲྭ་འདྲིས་ཀྱི་ལས་དོན་སྤེལ་ཞིང་།  ཟུང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་མ་ཆན་དང་ཁུལ་མི་རིགས་དོན་གཅོད་ཨུ་ལྷན་གྱི་རྟོག་ཞིབ་པ་ཐང་ཡུན་ཨན་གྱིས་འཚམས་འདྲི་གནང་རོགས་ཞུས་པ་རེད།

        དགོན་སྡེར་སྡོད་རིང་ཝང་ཧྲེང་གིས་དགོན་སྡེའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆོས་ལུགས་ལས་དོན་དོ་དམ་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས། དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ནང་ཞུགས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

        ཁོང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གོ་བདེ་ཤེས་སླའི་སྐད་ཆའི་ལམ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དྲིལ་བསྒྲགས་བྱས་ཤིང་། དགོན་སྡེའི་དོ་དམ་ཨུ་ལྷན་ལ་རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། གཅིག་ནས་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཏང་གཅེས་དྲིལ་བསྒྲགས་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས། གཉིས་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལས་དོན་ལེགས་པོ་བསྒྲུབ་ནས་འབྲེལ་ཡོད་གོ་རིམ་གཞིར་བཟུང་དགོན་སྡེའི་ལོ་ལྔ་ཚན་བཅུ་བཞི་བའི་རྣམ་གྲངས་འཆར་འགོད་རེ་ཞུ་ཧུར་ཐག་བྱེད་དགོས། གསུམ་ནས་དགོན་སྡེའི་མེ་དང་གློག་སྤྱོད་བདེ་འཇགས་དང་ནགས་ཚལ་ནགས་སྲུང་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་བསྟན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།