དག་ཞིང་གི་དམུ་དགེ། མཛེས་སྡུག་གི་གཞིས་ཀ

དམུ་དགེ་གྲོང་རྡལ་གྱིས་ཁོར་ཡུག་བཅོས་སྒྲིག་གི་ལས་ཀ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཉིས་ཟུང་འབྲེལ་སྒོས་སྒྲུབ་པའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   ཆོས་རྒྱས་འོད་ཟེར། ཨོ་རྒྱན་བཀྲ་ཤིས།དུས་ཚོད།   2020-03-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ལམ།  དམུ་དགེ་གྲོང་རྡལ་གྱིས་ཁོར་ཡུག་བཅོས་སྒྲིག་གི་ལས་ཀ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཉིས་ཟུང་འབྲེལ་སྒོས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་གྲོང་རྡལ་བསྐྲུན་རྒྱུ་དང་། ཟུང་ཆུ་རྫོང་གི་ས་ཁོངས་གསུམ་དང་སྡོད་ཁང་གཅིག་གི་ཁོར་ཡུག་གཙང་སྦྲའི་ལས་ཀ་དམིགས་ཚད་དུ་བྱས་ཏེ། མཉམ་དུ་ཁོར་ཡུག་བཅོས་སྒྲིག་བྱེད་སྒོ་སྤེལ། བཅོས་སྒྲིག་བྱས་རྗེས་མཛེས་སྡུག་གི་དམུ་དགེའི་རྣམ་པ་གསར་པ་བཏོད་དེ་མཛེས་སྡུག་དང་ཞི་མཐུན་གྱི་ཁྱིམ་གཞིས་གསར་པ་མཉམ་དུ་བསྐྲུན་ཡོད། 

ཡར་སྐུལ་སྣེ་ཁྲིད་པའི་དཔུང་སྡེ། 

        གྲོང་ཚོའི་ཚོགས་ཆུང་ཁག་བགོས་ནས་འགན་གཙང་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ། ཏང་ཡོན། གཙང་སྦྲ་བ། རུ་གཙོ་བཅས་མཉམ་ཞུགས་སྒོས་། ས་ཁོངས་གསུམ་དང་སྡོད་ཁང་གཅིག་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཚོགས་ཆུང་བཙུགས། ཐེངས་འདིར་གྲོང་ཚོའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་དང་སྣོད་བཅུད་ཁོར་ཡུག་མཛེས་པའི་བླང་བྱ་གཞིར་བཟུང་ནས་གཞུང་ལམ། ཆུ་རྒྱུད། གྲོང་ཚོའི་ལམ་བཅས་ལམ་ཐིག་གསུམ། གྲོང་ཚོའི་མཐའ་འཁོར་དང་། ཁང་པའི་རྒྱབ་ངོས། སྤྱི་པའི་འདུ་གནས་བཅས་གཙོ་གནད་དུ་བཟུང་ནས། ཕྱོགས་གཅིག་ནས་དུད་ཚང་ཚང་མས་རང་ཁྱིམ་གྱི་སྒོ་ར་དང་སྒོ་འགྲམ། སྲང་ལམ་གྱི་ཁོར་ཡུག་འཕྲོད་བསྟེན་ཡག་པོ་གཉེར་རྒྱུར་ལྟ་སྐུལ་ནན་པོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་གྱི་ཁུག་ཀྱོག་གཙང་སེལ་དང་། གཞུང་ལམ་ལམ་རྒྱུད་ཀྱི་སྒྲིག་འགལ་བརྡ་ཁྱབ་བྱང་བུ་དང་། ཆུ་རྒྱུད་དུ་གད་སྙིགས་གང་བྱུང་དུ་འཕེན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱས་ཏེ་ཁོངས་གཏོགས་ཁུལ་དུ་གཙང་སེལ་དང་། གཙང་བཤེར། དག་ཐེར་བཅས་ཁྱོན་ཡོངས་ནས་བྱས་ཡོད། 

འབོད་སྐུལ་དུས་ཐོག་ཆར་བ། 

       ཞིང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཤེས་དཔལ་དང་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ཏེ་ཁོར་ཡུག་བཅོས་སྒྲིག་གི་དཀའ་གནད་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད། ཕྱོགས་གཅིག་ནས་གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་ཀྱིས་དྲིལ་སྒྲོག་སྐོར་སྐྱོད་རླངས་འཁོར་དང་། སྒྲ་དུང་ཆེན་པོའི་རླུང་འཕྲིན། སྐད་འཕྲིན་སྤྱི་སྟེགས་སོགས་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། དུས་ཐོག་ཏུ་མང་ཚོགས་ལ་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་དྲིལ་བསྒྲགས་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ལ་འགོག་སྲུང་ཐད་ཤུགས་སྣོན་རྒྱག་པ་དང་ཁ་ཐུམ་གྱོན་ནས་བདེ་ཐང་དང་འཕྲོད་བསྟེན་ཐད་འཚོ་བའི་གོམས་གཤིས་ཡག་པོ་རྒྱུད་ལ་འཇགས་དགོས་པའི་འབོད་སྐུལ་བྱས།


གྲུབ་འབྲས་གཡུར་ཟའི་རི་མོ། 

       དམུ་དགེ་གྲོང་རྡལ་གྱི་ལས་རིགས་སོ་སོའི་ཐདདུ། ལས་བགོས་འགན་ལེན་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཁོར་ཡུག་གཙང་སྦྲ་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།