རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ཁྲེང་ཏུའུ་ལྗོངས་སྐོར་རྫོང་གྲགས་ཅན་གསར་སྐྲུན་བརྩོན་ལེན་བྱས་ནས། ཟུང་ཆུ་རྫོང་གིས་རོགས་འདེགས་རྣམ་གྲངས་གཞན་ཞིག་ཟླ་འདིའི་ཚེས་15ཉིན་ལ་སྐྲུན་མགོ་འཛུགས་རྒྱུ་རེད།

རྩོམ་པ་པོ།   དུས་ཚོད།   2020-03-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ་3པའི་ཚེས་6ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཟུང་ཆུ་རྫོང་ཟུང་ཆུའི་གནའ་མཁར་གྱི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རི་བོའི་རིག་གནས་ལྗོངས་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་སྐབས་དང་པོའི་ལྗོངས་སྐོར་དོན་སྤྱིའི་རང་བཞིན་གྱི་འཆར་འགོད་སྙན་ཞུའི་ཚོགས་འདུ་འཚོགས། གྲོས་ཚོགས་ལས་རྣམ་གྲངས་དེ་ཟླ་འདིའི་ཚེས་15ཉིན་དངོས་སུ་སྐྲུན་མགོ་འཛུགས་རྒྱུ་གསལ་བོར་བསྟན་པ་རེད།

         ཟུང་ཆུ་རྫོང་ཟུང་ཆུའི་གནའ་མཁར་གྱི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རི་བོའི་རིག་གནས་ལྗོངས་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ནི་རྫོང་དེས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དང་ཁྲེང་ཏུའུ་ལྗོངས་སྐོར་རྫོང་གྲངས་ཅན་བརྩོན་ལེན་བྱེད་པའི་རོགས་འདེགས་རྣམ་གྲངས་གཙོ་བོ་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར་5ལས་བརྒལ་བ་དང་འཛུགས་སྐྲུན་གྱི་ནང་དོན་ལ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རི་བོ་གཉིས་ཚུད་ཡོད་པ་རེད།

     གྲོས་ཚོགས་ལས་གཏན་འབེབས་ལྟར་ན། ཟུང་ཆུ་རྫོང་ཟུང་ཆུའི་གནའ་མཁར་གྱི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རི་བོའི་རིག་གནས་ལྗོངས་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་སྐབས་དང་པོ་མྱུར་དུ་ཨར་ལས་ཇུས་འགོད་ལེགས་འགྲུབ་ཐུབ་པ་དང་། ཟླ་འདིའི་ཚེས་15ཉིན་དངོས་སུ་འཛུགས་སྐྲུན་བྱེད་མགོ་ཚུགས་ཏེ། ད་ལོའི་ཟླ་10བར་ཨར་ལས་ཕྱོགས་ཡོངས་ནས་མཇུག་སྒྲིལ་བརྩོན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།