ཏོག་དབྱིབས་ནད་དུག་གི་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།   ​དཔལ་བཟང་རྒྱ་མཚོ།དུས་ཚོད།   2020-03-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

     ས་བཅད་དང་བོ། ཏོག་དབྱིབས་ནད་དུག་གི་ལོ་རྒྱུས་མདོ་ཙམ།

     གཅིག ལོ་རྒྱུས།

     ཏོག་དབྱིབས་ནད་དུག་མ་ལག་ཁོངས་གཏོགས་ཀྱི་དབྱེ་བའི་ནང་དུ་ཏོག་དབྱིབས་ནད་དུག་རིལ་མོ་ཏོག་རྩེ་ལེབ(Coronaviridae)ཅན་ཟེར་བའང་འདུས་ལ། དེའི་རིགས་རྒྱུད་ཀྱི་དངོས་རྒྱུ་དེ། RNA ཞེས་པ་ནི་ནད་དུག་ཁྲོད་དུ་ཆེས་མང་བོ་ཡིན། ནད་དུག་དེ་ནི་མི་དང། བྱི་བ། ཕག་པ། བྱི་ལ། ཁྱི། སྤྱང་ཀུ། ཁྱིམ་བྱ། གླང་། འདབ་ཆགས་ཀྱི་རིགས་ཏེ་སྒལ་ཚིགས་ཅན་གྱི་སྲོག་ཆགས་དེ་དག་ལ་རེད་པའམ་ཕོག་པ་ཡིན།

     སྤྱི་ལོ་1937ལོར། ཏོག་དབྱིབས་ནད་དུག(Coronaviruses) ཅེས་པ་ཐོག་མར་ཁྱིམ་བྱའི་ལུས་སྟེང་ནས་མཆེད་ཡོང་བ་ཡིན་པར་བཤད།

     སྤྱི་ལོ་1965ལོར། ཏོག་དབྱིབས་ནད་དུག་དེ། མིའི་ལུས་སྟེང་ནས་མཆེད་པ་ཐེངས་དང་བོ་ཡིན། དེ་ནི་གློག་རྡུལ་ཕྲ་མཐོང་ཆེར་ཤེལ་འོག་ཏུ་ཐུར་དབྱིབས་རྡུལ་ཕུང་ནུབ་ཕྱོགས་ཀྱི་རྒྱལ་བོའི་ཞྭ་ཏོག་འདྲ་བའི་ཏོག་རྩེ་ལེབ་ཅན་དུ་མཐོང་ཐུབ་པས་ཏོག་དབྱིབས་ནད་དུག་ཅེས་པའི་མིང་བཏགས།

    སྤྱི་ལོ་1985ལོར། ནད་དུག་མིང་འདོགས་ཨུ་ཡོན་ལྷན་ཚོགས་ནས་དངོས་སུ་ཏོག་དབྱིབས་ནད་དུག་རིལ་མོ་རྩེ་ལེབ་ཅན་ཞེས་པའི་མིང་བཏགས།

    སྤྱི་ལོ་2019ལོའི་ཏོག་དབྱིབས་ནད་དུག(2019-nCoV)ནི་མིག་སྔར་ཤེས་པ་ལྟར་ན་མི་ལ་འགོ་འོས་པའི་ཏོག་དབྱིབས་ནད་དུག་རིགས་7པ་ཡིན།

    2019ལོར་ཝུའུ་ཧན་ནས་བྱུང་བའི་ནད་དུག་རང་བཞིན་གྱི་གློ་ཚད་ལ། 2020ལོའི་ཟླ་1ཚེས་12ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས། ཏོག་དབྱིབས་ནད་དུག་གསར་བས་རེད་པའི་གློ་ཡམས་ཟེར་ལ། བསྡུས་མིང་དུ་ཏོག་དབྱིབས་གསར་བའི་ནད་དུག་གམ། ཏོག་གསར་གློ་ཡམས་ཟེར་བའོ།།

    གཉིས། མཆེད་ཚུལ།

    ཏོག་དབྱིབས་ནད་དུག་གསར་བ་མཆེད་ཚུལ་ནི། མིག་སྔ་ཞིབ་འཇུག་བྱས་པ་ལྟར་ན། གཙོ་བོ་ཕ་ཝང་དང་། ཕག་པ། ཁྱི། བྱི་ལ། ཙི་གུ་སོགས་སྐམ་གཤེར་ཐུན་མོང་དུ་གནས་པའི་འོ་འཐུང་ལས་བྱུང་བའི་སྲོག་ཆགས་ཨར་ཧྥ་པེ་ཐའི་རིགས་ཀྱི་ཏོག་དབྱིབས་ནད་དུག་ཡིན་ལ་རིགས་ནི། ཀ་བ་དང་། ཁ་བ། ག་པ། ང་བ་བཅས་མི་འདྲ་བ་བཞི་ལ་དབྱེ་ཡོད་པ་ཚད་ལྡན་ཡིག་ཆ་དག་ནས་བཤད་།

     མིག་སྔར་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་ཡིག་ཆ་དང་དྲྭ་འབྲེལ་ཐོག་ནས་ཤེས་གསལ་བྱུང་བ་ལྟར་ན་ཐེངས་འདིའི་ཏོག་དབྱིབས་ནད་དུག་གསར་བ་ནི། ཡམས་ཐབས་སུ་འགོས་ཞིང་མྱུར་དུ་མཆེད་ནས་ལུས་ཟུངས་ལ་རྒོལ་བར་བྱེད་པའི་ནད་དུག་ཚབས་ཅན་ཞིག་ཡིན་སྟབས། མི་དང་སྲོག་ཆགས་ཀྱི་དབུགས་ལམ་དང་། འཇུ་བྱེད་མ་ལག་དབང་རྩའི་མ་ལག་སོགས་ལ་འགོ་ཞིང་སྐྱེ་མཆེད་བྱེད་པའི་ནད་དུག་གི་རིགས་ཤིག་ཡིན་ཚོད་འདུག

    ཏོག་དབྱིབས་ནད་དུག་གསར་བ(2019-nCoV)ཞེས་པ་འདི་དང་། ནད་དུག་འདི་sARSཏོག་དབྱིབས་ནད་དུག་འདི(mers冠状病毒)དག་གི་བར་ལ་འདྲ་བའི་ཆ་མང་རུང་།

    2003ལོའི་ས་སི(sARS )ནད་དུག་གི་རྟགས་ནི། ཚ་བ་སྐྱེ་བ། ལུད་པ་ལུ་བ། དབུགས་འབྱིན་རྔུབ་དཀའ་བ་བཅས་ཡིན་ལ། ཏོག་དབྱིབས་ནད་དུག་གསར་བའི(mers冠状病毒)རྟགས་ནི། ལུས་ལ་ཚ་བ་རྒྱས་པ་དང་། སྐམ་ལུ་བྱེད་པ། སྒྱིག་ལུག་པ། དབུགས་འབྱིན་རྔུབ་དཀའ་བ་བཅས་ཀྱི་ནད་རྟགས་ཡོད། ནད་རྟགས་བག་ལ་ཉལ་བའི་སྐབས་ནི། ཉིན་3ནས་ཆེས་རིང་བ་24བར་ཡིན་ལ། ཆ་སྙོམས་ཉིན་7བར་ཡིན་པས་ནད་འགོས་ནས་ཉིན་མ་སོང་ནད་རྟགས་མངོན་མི་ཐུབ། ཡང་2003ལོའི་sARSགློ་ཡམས་དང་བསྡུར་ན། ད་ལམ་གྱི་ཏོག་གསར་ནད་འདི་ནི་ནད་འགོ་ཚབས་ཆུང་བ་དང་ནད་གཞི་ཡང་བ། སྨན་བཅོས་ཀྱི་ཕན་འབྲས་ཅུང་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་བཤད།

     སྐབས་འདིར་གློ་ཡམས་ནད་ཐེབས་དང་བོལ་ཕྱི་མིག་ཅིག་བལྟས་ན། 2003ལོའི་sARSནི། རྒྱ་ནག་ཧྲན་ཏོང་ཞིག་ནས་བྱུང་ཞིང་རྒྱུད་རིམ་ནི་བྱ་ཝང་ནས་གོ་ནེས་ཟེར་བའི་ཝ་རིགས་ཤིག་ལ་མཆེད་ཅིང་། ཝ་རིགས་དེའི་ཤ་ཁྲག་ལ་རོལ་བ་ལས་ནད་དུག་མི་ལ་མཆེད་པར་བཤད་ཅིང་། དེ་སྐབས་ཡམས་ནད་དེས་ཁྱབ་སའི་རང་རྒྱལ་གྱི་ས་ཁྲའི་ཐོག་བཀོད་ཡོད་པའི་དམར་རྟགས་ལ་བལྟས་ན་བོད་ལྗོངས་དང་མཚོ་སྔོན། ཀན་ལྷོ། རྔ་ཁུལ། བདེ་ཆེན་སོགས་བོད་རིགས་མི་དམངས་འདུས་སྡོད་བྱེད་པའི་ས་ཁུལ་དང་། ལྷག་པར་བོད་པ་རྣམས་ལ་ཕལ་ཆེར་ནད་ཡམས་དེ་ཕོག་མེད་པ་འདྲ། མདོར་ན། སྤྱི་ལོ་2002ལོའི་ལོ་མཇུག་ནས་འགོ་བཟུང་སྟེ་2003ལོའི་ཟླ་7པའི་ཚེས་11ཉིན་གྱི་བར་དུ་འཛམ་གླིང་ཐོག་མི་སྟོང་8069ལ་ཟིན་ཞིང་། མི་919ཤི་བར་བཤད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།