ཁ་རས་རྒྱག་སྐབས་མིག་ཤེལ་ལ་ཁ་རླངས་འཁོར་གྱི་འདུག་གམ། ཇུས་འདིར་གཟིཊ།

རྩོམ་པ་པོ།   དུས་ཚོད།   2020-03-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར། བོད་ཡིག་སྨྱན་སྦྱོར།

        རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཕྱིར་སྐྱོད་སྐབས་ཚང་མས་ཁ་རས་རྒྱག་གི་ཡོད། ཁ་རས་ཀྱིས་ནད་དུག་འགོག་ཐུབ་རུང་། མིག་ཤེལ་རྒྱག་མཁན་གྱི་ཁ་ལོ་བར་སུན་པོ་བཟོ་ཡི་ཡོད། གང་ལགས་ཤེ་ན། ཁ་རས་བརྒྱབ་རྗེས་དབུགས་གཏོང་སྐབས་མིག་ཤེལ་ལ་ཁ་རླངས་འཁོར་ནས་རབ་རིབ་ཏུ་གྱུར་ནས་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་སླ་པོ་ཡོད།     

        མིག་ཤེལ་རྒྱག་མཁན་གྱིས་ཁ་རས་རྒྱག་སྐབས། མིག་ཤེལ་ལ་ཁ་རླངས་འཁོར་དོན་ནི་ཁ་རླངས་མིག་ཤེལ་གྲང་མོར་ཐུག་ནས། ཤེལ་སྒོར་རླངས་པ་འཁོར་གྱི་ཡོད་པས་རེད། དེར་བརྟེན། མིག་ཤེལ་རླངས་པས་མི་སྒྲིབ་པ་བྱེད་དགོས་ན། ཁ་རས་དང་ངོ་གདོང་གི་སྲུབ་ནས་ཁ་རླངས་མ་ཤོར་བ་བྱེད་དགོས། དེ་ལྟར་བྱས་ཚེ་མིག་ཤེལ་ལ་ཁ་རླངས་མང་པོ་འཁོར་མི་སྲིད། གཤམ་ལ་མིག་ཤེལ་རྒྱག་མཁན་གྱིས་ཁ་རས་ཇི་ལྟར་རྒྱག་དགོས་མིན་ལ་ལན་གཅིག་གཟིགས་དང་། 

         ཁ་རས་རྒྱག་སྐབས། ཁ་རས་ཀྱི་ལྕགས་ལྷེབ་སྲབ་མོ་དེ་སྣ་ཁུག་ལ་དམ་པོར་གནོན་དགོས། ཇི་ཙམ་གྱིས་དམ་ན་དེ་ཙམ་གྱིས་མིག་ཤེལ་ལ་ཁ་རླངས་ཉུང་བ་འཁོར་སྲིད། གཞན་ཡང་། དྲ་གྲོགས་ཚོས་ཁ་རས་རྒྱག་སྐབས་མིག་ཤེལ་ལ་ཁ་རླངས་མི་འཁོར་བའི་ཐབས་ཤེས་ཡག་པོ་ཞིག་བསླབས་པ་སྟེ། 

    ☞ ཁ་རས་དང་རིང་ཚད་གཅིག་པ་ཡིན་པའི་ཤོག་བུ་ཞིག་ལྟེབ་རྩེག་བརྒྱབ་ནས་ཁ་རས་ཀྱི་ལྕགས་ལྷེབ་ལ་སྦྱར་དགོས། 

    ☞ དེ་ནས། ལྕགས་ལྷེབ་འདི་སྣ་ཁུག་ལ་དམ་པོར་གནོན་དགོས། 

         ཤ་ཚའི་དྲན་སྐུལ། གལ་ཏེ། མོ་ཊའི་ནང་སོ་སོ་གཅིག་པུ་ཡིན་ཚེ། ཁ་རས་ཡིན་གཅིག་རྒྱག་དགོས་མེད། དེ་དང་ཆབས་ཅིག མོ་ཊའི་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དགོས། 

          མོ་ཊ་མ་བཏང་གོང་ནས་ཁ་རས་རྒྱག་པ་ལས། མོ་ཊ་གཏོང་གིན་གཏོང་གིན་ཁ་རས་བརྒྱབ་ན་འགྲིམ་འགྲུལ་ལས་འཛོལ་ཐོན་ཉེན་ཆེན་པོ་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།