གཏན་འབེབས་ལག་བསྟར་མ་བྱས་པའི་གྱོད་དོན།

རྩོམ་པ་པོ།   དུས་ཚོད།   2020-03-02   རྩོམ་ཁུངས།    རྔ་བའི་ཁྲིམས་འཛིན་ཅུས།

        ༄༅།།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་བ།  གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་ན།  ཐ་ཚིག་སྒྲོག་པའམ་སྒོར་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།  གནས་ཚུལ་ཚབས་ཆེན་ཡིན་ན། ཉིན་ལྔ་ཡན་ནས་བཅུ་མན་གྱི་བཀག་ཉར་བྱ་དགོས་པ་དང་།  དངུལ་ཆད་ཆབ་སྦྲགས་སུ་གཅོད་ཆོག ༼གཅིག༽  མི་དམངས་སྲིད་གཞུང་གིས་ཛ་དྲག་གི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མི་བྱེད་པ།༼གཉིས།༽  རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་བར་ཆད་བཟོ་བ། ༼གསུམ།༽  ཛ་དྲག་གི་ལས་འགན་ལག་བསྟར་བྱེད་པའི་མེ་གསོད་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར།  ལས་གྲྭའི་མྱུར་སྐྱོབ་རླངས་འཁོར།  ཉེན་རྟོག་རླངས་འཁོར་བཅས་སྐྱོད་པར་བཀག་འགོག་བྱེད་པ། ༼བཞི།༽  སྤྱི་བདེ་ལས་ཁུངས་ཀྱིས་བཞགས་པའི་ཉེན་རྟགས་དང་ཉེན་ཁུལ་ལས་བཙན་གྱིས་བརྒལ་བ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་བར་ཆད་བཟོས་ཚེ།  ཆད་པ་ནན་གཅོད་དགོས།