ཁ་རས་ག་དུས་བར་དུ་གྱོན་དགོས་སམ།

རྩོམ་པ་པོ།   དུས་ཚོད།   2020-02-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          མིག་སྔར་རང་རྒྱལ་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་ཐོག་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་དགེ་རྒན་ཆེན་མོ་བ་ཀྲང་ཝུན་ཧུང་གིས་ཚང་མས་རིམས་ནད་ལ་དོགས་ཟོན་ཆེན་པོ་བྱས་ནས་གཞི་ཁྱོན་ཆེ་བའི་འདུ་འཛོམས་གཉེར་མི་རུང་བའི་གྲོས་འགོ་བཏོན་གནང་བ་རེད། ཀྲང་ཝུན་ཧུང་གིས་ད་དུང་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་གནད་དོན་ཞིག་ལ་ལན་བསྐྱོན་ཡོད་དེ། དེ་ནི་ད་དུང་ཁ་རས་དུས་ཡུན་ཅི་ཙམ་ལ་གྱོན་དགོས་པ་དེ་རེད། ཀྲང་ཝུན་ཧུང་གིས་ད་དུང་ཟླ་བ་གཅིག་ནས་གཉིས་བར་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་པ་དང་། སྐབས་དེར་ནད་པ་གསར་བྱུང་གི་གནས་ཚུལ་མེད་ན། གཞི་རྩའི་སྟེང་ནས་ཁ་རས་མ་གྱོན་ན་ཆོག་ཅེས་བསྟན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།