མའོ་རྫོང་སི་ཁྲོན་རྨིན་ཅང་གློག་ཤུགས་རྫས་འགྱུར་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་མགོ་ཚུགས།

རྩོམ་པ་པོ།   དུས་ཚོད།   2020-02-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་2ཚེས་19ཉིན་ནས་བཟུང་།  མའོ་རྫོང་སི་ཁྲོན་རྨིན་ཅང་གློག་ཤུགས་རྫས་འགྱུར་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས་པ་དེས། ལས་བཟོ་པ་ཚོས་ཁ་རས་བཟོ་བ་དང་ལས་རེས་ཁག་བཞི་རུ་བགོས་ཏེ་ཐོན་སྐྱེད་སླར་གསོ་བྱེད་མགོ་ཚུགས་པ་མཚོན་ཡོད། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཆེད། མའོ་རྫོང་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་དང་ཐོན་སྐྱེད་གཉིས་མི་འགོར་བར་འགན་ལེན་བྱས། མིག་སྔའི་བར་གླིང་ཁུལ་དུ་ཁེ་ལས་9ཡིས་ཐོན་སྐྱེད་སླར་གསོ་བྱེད་མགོ་ཚུགས་ནས་ལས་བཟོ་བ་1500ལས་གནས་སུ་ལོག་ཡོད།


རྩོམ་སྒྲི་ག་པ།  ཚེ་པེ།  གཡུ་འཛོམས།