རིམས་འགོག་གི་སྤྱི་ཕན་གླུ་དབྱངས། ཞེ་ལ་ཐོགས་པའི་ཝུའུ་ཧན།

རྩོམ་པ་པོ།   དུས་ཚོད།   2020-02-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཞེ་ལ་ཐོགས་པའི་ཝུའུ་ཧན་ཞེས་པའི་བརྙན་ཐུང་འདི་ནི་རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་དུ་ཕབ་སྐྲུན་བྱས་ཤིང་། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པ། རྔ་བ་ཁུལ་རོལ་དབྱངས་ཞབས་བྲོ་མཐུན་ཚོགས། རྫོང་དང་གྲོང་ཁྱེར་བཅུ་གསུམ་གྱི་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་མཉམ་དུ་བསྒྲིགས་པ་ཞིག་ཡིན།


 ཞེ་ལ་ཐོགས་པའི་ཝུའུ་ཧན། 

དོ་དགོང་། ལོ་ངོ་སྟོང་གི་མཁར་རྫོང་། 

ལྷབ་ལྷུབ་ཀྱི་ཁ་བས་གཡོགས།  

ང་ཚོས་འབྲི་ཆུ་དང་རྨ་ཆུའི་འགྲམ་ངོགས་ནས། 

ཝུའུ་ཧན་གྱི་སྤུན་ཟླ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།  


རྒྱང་རིང་གི་ཧོང་ཧོ་ཐོག་ཁང་།

ཆར་ཟིམ་གྱིས་ཡོངས་སུ་བརླན།  

ཁྱེད་ཚོས་དཀའ་སྡུག་གི་འཚོ་བའི་ཁྲོད་ནས།

མཚར་སྡུག་རྣམ་པར་བཀྲ་བའི་ལོ་ཟླར་རེ་སྒུག་བྱེད་དུས།  


ཁ་བ། ལྷབ་ལྷུབ་ཏུ་བབས་ནས།  

རྦ་རླབས་ཀྱི་ཟེགས་མར་གྱུར་ཏེ། 

བོད་ཆའང་སྤུན་ཟླའི་ཞེན་པ་རྒྱང་ལ་འཁྱེར།   

ཆར་ཟིམ། རབ་རིབ་ཀྱི་ན་བུན་དང་མཚུངས་པར། 

སེམས་ཀྱི་ན་ཟུག་ཡོད་ཚད་འཇོམས་ཏེ།  

དཔྱིད་ཀྱི་དཔལ་མོ་གསར་བས་ཝུའུ་ཧན་ཡོངས་སུ་བརྒྱན།