སེམས་ཀྱི་མི།

རྩོམ་པ་པོ།   དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཁྱེད་ནི་ངའི་རྣམ་ཤེས་ཀྱི་བདག་པོ།

ཁྱེད་ནི་ངའི་མི་ཚེ་ཡི་བདག་པོ།

གཏན་དུ་བརྗེད་མི་ཐུབ་པ་དེ།

ནམ་ཡང་དྲན་སླ་བ་དེ།

མེས་པོའི་ཞབས་རྗེས་དང་འདྲ་བར།

བདག་སེམས་ཀྱི་ལོ་རྒྱུས་སུ་འཁོད་ཡོད།

གལ་ཏེ། གལ་ཏེ་ཞེས་པ་ཞིག་ཡོད་ན།

ཁྱེད་ནི་ངའི་སྨྲེང་བར་འཁྱིལ་བའི་གླུ་གཞས་དེ་ནང་བཞིན།

བྱང་ཁོག་སྟོད་ཀྱི་དུངས་པའི་རྩྭ་ཐང་དུ།

བརྩེ་གདུང་གི་རྟ་གོང་ནས་ལེན་སྲིད་པས།

རེ་བཞག་གི་རྣ་བ་བདག་ལ་གཡོར་དང་།

འཇིག་རྟེན་གྱི་སྙན་པ་མ་ལུས་ཁྱེད་ལ་ལེན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།