མའོ་རྫོང་མཁོ་ཚོང་ཁང་གིས་རིམས་འགོག་དང་དཔྱིད་རྨོད་གཉིས་ལ་འབད།

རྩོམ་པ་པོ།   གསང་བདག་སྒྲོལ་མ། དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཟླ་2ཚེས་16ཉིན། ཁྲོ་ཆུ་རྫོང་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཅ་ཕན་གྱིས་རྡོ་ཁ་གྲོང་རྡལ་ཤ་པྲ་ཀོ་གྲོང་སྡེའི་རང་ཉིད་ཀྱི་འགན་གཙང་ལེན་པའི་ས་ཞིང་དུ་བྲེལ་འཚུབ་ཀྱི་ངང་ནས་ཞིང་རྨོ་བཞིན་འདུག ད་ལྟ་ནི་རིམས་འགོག་གི་དུས་སྐབས་ཡིན་པ་དང་། དཔྱད་རྨོད་ཀྱི་དུས་སྐབས་ཀྱང་ཡིན་པས། རིམས་འགོག་དང་ཐོན་སྐྱེད་གཉིས་ཀ་བདེ་བླག་ངང་སྤེལ་ཆེད། ས་དེ་གའི་མང་ཚོགས་ཀྱིས་དུག་སེལ་དང་ཁ་རས་གྱོན་པ་སོགས་ཀྱི་རིམས་འགོག་གི་བྱེད་ཐབས་སྤྱད་ནས་གོ་རིམ་ལྡན་པའི་ངང་དཔྱིད་རྨོད་བྱེད་བཞིན་འདུག

           ད་སྐབས་ནི་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། དཔྱིད་རྨོད་མགོ་ཚུགས་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། དམིགས་བསལ་གྱི་དཔྱིད་ཀ་འདིར་མའོ་རྫོང་མཁོ་ཚོང་ཁང་གིས་རིམས་འགོག་ལ་འབད་ཞོར་དུ་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་ནས་ཡོང་འབབ་འཕར་བར་འགན་ལེན་བྱས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ལག་རྩལ་ཞབས་ཞུ་སོགས་ཀྱི་ལས་དོན་ཧུར་ཐག་གིས་སྒྲུབ་པ་དང་། རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ལ་འབད།

          ཟླ་2ཚེས་17ཉིན། གསར་འགོད་པས་མའོ་རྫོང་མཁོ་ཚོང་ཁང་ནས་རྒྱུས་ལོན་པ་ལྟར་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་པ་དང་ཞིང་སྤྱོད་དངོས་རྫས་ཀྱི་ཚོང་ཟོག་མཁོ་སྤྲོད་ཡག་པོ་བྱ་ཆེད། མའོ་རྫོང་མཁོ་ཚོང་ཁང་གིས་རིམས་འགོག་ལས་དོན་དང་དཔྱིད་རྨོད་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་སུ་རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

          རྒྱུས་ལོན་པ་ལྟར་ན། རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལེགས་པོར་འགྲུབ་ཆེད། མའོ་རྫོང་མཁོ་ཚོང་ཁང་གིས་ཞིང་ལུད་ཏུན་6107དང་། ས་བོན་སྤྱི་རྒྱ་2680། ཞིང་སྨན་ཏུན་26། ཞིང་སྤྱོད་འགྱིག་ཤོག་ཏུན་30། ཞིང་སྤྱོད་འཕྲུལ་ཆས་ཁྲི་2ལྷག་གྲབས་གསོག་བྱས་ཡོད་པར་མ་ཟད། དགོས་མཁོ་ལྟར་ཞིང་ལས་རྒྱུ་ཆ་རིམ་བཞིན་ཉོ་སྒྲུབ་བྱས་ཏེ་མའོ་རྫོང་གི་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་བསྐང་ཐུབ་པར་འགན་ལེན་བྱས་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།