མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ18པོ་ཚང་མ་དྲག་སོང་།

རྩོམ་པ་པོ།   དུས་ཚོད།   2020-02-21   རྩོམ་ཁུངས།    ཉིན་་རེའི་གངས་ལྗོངས།

          མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ18པོ་ཚང་མ་སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད།

         9  ཟླ2པའི་ཚེས21ཉིན་གྱི་སྔ་དྲོ།

          རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ཆེས་མཐའ་མཇུག་གི་ནད་པ2སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད་པས། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ18པོ་ཚང་མ་སངས་དྲག་བྱུང་ནས་སྨན་ཁང་ལས་བུད།

         8  ཟླ2པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་།

         ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནང་གི་ཏོག་གསར་གློ་ཚད་ནད་པ་ཆེས་རྗེས་མ་དེ་སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཅིང་། བསྡོམས་པས་གཏན་འཁེལ་ནད་པ18ཡོད་པའི་ཁྲོད་ནས་ནད་པ16སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད།
         18-16=2 དེ་རིང་སྔ་དྲོར་ཡང་མཚོ་སྔོན་ནས་ནད་པ་གཅིག་དྲག་སོང་།

         7  ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་སྟེང་། 

         མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ1སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད།
         18-15=3 དེ་རིང་ཕྱི་དྲོའང་མཚོ་སྔོན་ནས་ནད་པ་གཅིག་དྲག་སོང་། 

         6   ཟླ2པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། 

          མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ1སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་ཅིང་། བསྡོམས་པས་ནད་པ14སྨན་ཁང་ལས་ཕྱིར་བུད།

         གཏམ་བཟང་། དེ་རིང་ཡང་མཚོ་སྔོན་ནས་ནད་པ1དྲག་སྟེ་སྨན་ཁང་ལས་བུད།

         5   ཟླ2པའི་ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་སྟེང་།

         མཚོ་སྔོན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པ་དང་། དེ་ལས་གཅིག་ནི་ནད་གཞི་ལྕི་མོ་ཅན་གྱི་ནད་པ་ཐོག་མ་དེ་ཡིན། སྐབས་དེར་རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ནད་པ18ལས་ནད་པ13སྨན་ཁང་ལས་ཕྱིར་བུད་ཡོད།
         མཚོ་སྔོན་ནས་དེ་རིང་ཡང་ཏོག་གསར་གློ་ཚད་ཀྱི་ནད་པ་གཉིས་སངས་དྲག་བྱུང། 

         4  ཟླ2པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་།  

          མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སྨན་ཁང་ལས་ཕྱིར་བུད་ཅིང་། དེ་ནི་བསྟུད་མར་ནད་པ་སངས་དྲག་བྱུང་བའི་ཉིན་གསུམ་པ་ཡིན་ལ། བསྡོམས་པས་ནད་པ11སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད།གཏམ་བཟང་། དེ་རིང་ཚེས13ཉིན་ཡང་ནད་པ2གཉིས་དྲག་ནས་སྨན་ཁང་ལས་བུད། 

         3  ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། 

          མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ4སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད། 

         གཏམ་བཟང་། མཚོ་སྔོན་ནས་ཡང་བསྐྱར་གློ་ཚད་ནད་པ4དྲག་སོང་། 

         2  ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་། 

           མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སངས་དྲག་བྱུང་སྟེ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ལས་ཕྱིར་བུད། 

         གཏམ་བཟང་། མཚོ་སྔོན་ནས་ཡང་གློ་ཚད་ནད་པ་གཉིས་དྲག་སོང་།

         1  ཟླ2པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་།  

         མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚདའགོས་པའི་ནད་པ3སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད།
         གཏམ་བཟང་། མཚོ་སྔོན་གྱི་ནད་པ3སངས་དྲག་བྱུང་། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།