སི་ཁྲོན་དུ་གསར་དུ་ནད་ངོ་བཟུང་བའི་ནད་པ་5ཡོད།

སི་ཁྲོན་དུ་གསར་དུ་ནད་ངོ་བཟུང་བའི་ནད་པ་5ཡོད་ཅིང་། ཁྱོན་བསྡོམས་ནད་ངོ་བཟུང་བའི་ནད་པ་525ཡོད།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས།དུས་ཚོད།   2020-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སི་ཁྲོན་ཞིང་ཆེན་གྱི་གནས་ཚུལ།

         ཟླ་2ཚེས་21ཉིན། སི་ཁྲོན་གསར་འགྱུར་དུ་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་2ཚེས་20ཉིན་གྱི་དུས་ཚོད་0ནས་24བར་དུ།  སི་ཁྲོན་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་5གསར་དུ་ཐོན་པ་དང་།   གསར་དུ་སྨན་ཁང་ནས་བུད་པའི་ནད་པ་24ཡོད་འདུག དོགས་ཡོད་ནད་པ་16གསར་དུ་འཕར་འདུག གསར་དུ་ཤི་བའི་ནད་པ་མེད།

        གསར་དུ་ནད་ངོ་བཟུང་བའི་ནད་པའི་ཁྲོད་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་ནད་པ་2ཡོད། ཏེ་དབྱང་གྲོང་ཁྱེར་དུ་ནད་པ་1ཡོད། ཏ་ཀྲུའུ་གྲོང་ཁྱེར་དུ་ནད་པ་1ཡོད། དཀར་མཛེས་ཁུལ་དུ་ནད་པ་1ཡོད།   

        ཟླ་2ཚེས་21ཉིན་གྱི་མཚན་མོའི་དུས་ཚོད་གཅིག་ཏུ། རང་རེའི་ཞིང་ཆེན་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་525གྲོང་ཁྱེར་(ཁུལ)21དང་རྫོང་(གྲོང་ཁྱེར། ས་ཁུལ)101ཁྱབ་ཡོད།   

    ཏོག་གསར་གློ་ཚད་འགོས་པའི་ནད་པ་525ཁྲོད་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་པའི་ནད་པ་300ཡོད་(ནད་གཞི་ཤིན་ཏུ་ལྕི་བའི་ནད་པ་18ཡོད)ཅིང་། སྨན་ཁང་ནས་བུད་པའི་ནད་པ་222ཡོད། ནད་པ་3ཚེ་ལས་འདས། ད་ལྟ། དོགས་ཡོད་པ་ནད་པ་84ཡོད།

       གསོ་རིག་བརྟག་དཔྱད་མི་དགོས་པའི་ནད་པ་599ཡོད་པ་དང་། གསོ་རིག་བརྟག་དཔྱད་བྱེད་བཞིན་པའི་ནད་པ་2111ཡོད། 

        སི་ཁྲོན་ཞིང་ཆེན་གྱི་ཉིན་རེའི་ཏོག་གསར་ནད་པའི་འཁྱོག་ཐིག

སི་ཁྲོན་ཞིང་ཆེན་གྱི་ཉིན་རེའི་གསར་དུ་ནད་ངོ་བཟུང་བའི་ནད་པའི་འཁྱོག་ཐིག

རྒྱལ་ཡོངས་ཀྱི་གནས་ཚུལ།

 རྒྱལ་ཡོངས་སུ་གསར་དུ་ནད་ངོ་བཟུང་བའི་ནད་པ་889ཡོད། 

             ཟླ་2ཚེས་20ཉིན་གྱི་དུས་ཚོད་0ནས་24ཡི་བར་དུ། ཞིང་ཆེན་31དང་(རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར)ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཏོག་གསར་གློ་ཚད་འགོས་པའི་ནད་པ་889གསར་དུ་ནད་ངོ་བཟུང་བ་དང་། གསར་དུ་ཚེ་ལས་འདས་པའི་ནད་པ་118ཡོད། (ཧུའུ་པེར་ནད་པ་115ཡོད། ཀྲེ་ཅང་། ཁྲུང་ཆིང་། ཡུན་ནན་བཅས་སུ་ནད་པ་1རེ་ཡོད) དོགས་ཡོད་ནད་པ་1614གསར་དུ་འཕར་འདུག 

            ཉིན་དེར། གསར་དུ་སྨན་ཁང་ནས་བུད་པའི་ནད་པ་2109ཡོད་ཅིང་། གསོ་རིག་བརྟག་དཔྱད་མི་དགོས་པའི་ནད་པ་28804ཡོད། ནད་གཅི་ཤིན་ཏུ་ལྕི་བའི་ནད་པ་231ཇེ་ཉུང་དུ་ཕྱིན།  

            ཟླ་2ཚེས་20ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཉིས་བར་དུ། ཞིང་ཆེན་31དང་(རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར)ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན།  ད་ལྟ། ཏོག་གསར་གློ་ཚད་འགོས་པའི་ནད་པ་54965ཡོད་(དེ་དག་གི་ཁྲོད་དུ་ནད་གཞི་ཤིན་ཏུ་ལྕི་བའི་ནད་པ་11633ཡོད)པ་དང་། ཁྱོན་བསྡོམས་ནད་པ་18264སྨན་ཁང་ནས་བུད་པ་རེད། ཁྱོན་བསྡོམས་ནད་པ་2236ཚེ་ལས་འདས་ཟིན། ཁྱོན་བསྡོམས་ནད་ངོ་བཟུང་བའི་ནད་པ་75465ཡོད། ད་ལྟ། དོགས་ཡོད་ནད་པ་5206ཡོད། ཕན་ཚུན་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི་606037རྗེས་ཆོད་པ་དང་། གསོ་རིག་བརྟག་དཔྱད་བྱེད་བཞིན་པའི་ནད་པ་120302ཡོད།   

ཧུའུ་པེ་ཞིང་ཆེན་གྱི་གནས་ཚུལ།

          ཧུའུ་པེ་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་631གསར་དུ་ནད་ངོ་བཟུང་ཡོད་(ཝུའུ་ཧན་དུ་ནད་པ་319ཡོད)ཅིང་། གསར་དུ་སྨན་ཁང་ནས་བུད་པའི་ནད་པ་1451ཡོད།(ཝུའུ་ཧན་དུ་ནད་པ་766ཡོད)གསར་དུ་ཚེ་ལས་འདས་པའི་ནད་པ་115ཡོད།(ཝུའུ་ཧན་དུ་ནད་པ་99ཡོད)ད་ལྟ། ནད་ངོ་བཟུང་བའི་ནད་པ་48730ཡོད་པ་དང་།(ཝུའུ་ཧན་དུ་ནད་པ་37448ཡོད)དེའི་ཁྲོད་དུ་ནད་གཞི་ཧ་ཅང་ལྕི་བའི་ནད་པ་10997ཡོད།(ཝུའུ་ཧན་དུ་ནད་པ་9628ཡོད)ཁྱོན་བསྡོམས་སྨན་ཁང་ནས་བུད་པའི་ནད་པ་11788ཡོད།(ཝུའུ་ཧན་དུ་ནད་པ་6214ཡོད)ཁྱོན་བསྡོམས་ཚེ་ལས་འདས་པའི་ནད་པ་2144ཡོད།(ཝུའུ་ཧན་དུ་ནད་པ་1684ཡོད)ཁྱོན་བསྡོམས་ནད་ངོ་བཟུང་བའི་ནད་པ་62662ཡོད།(ཝུའུ་ཧན་དུ་ནད་པ་45346ཡོད)དོགས་ཡོད་ནད་པ་1279གསར་དུ་འཕར་ཡོད།(ཝུའུ་ཧན་དུ་ནད་པ་979ཡོད)ད་ལྟ། དོགས་ཡོད་ནད་པ་4094ཡོད།(ཝུའུ་ཧན་དུ་ནད་པ་2820ཡོད)

         ཞང་ཀང་དང་ཨའོ་མོན། ཐའེ་ཝན་ས་ཁུལ་དུ་ནད་ངོ་བཟུང་བའི་ནད་པ་102ཡོད་པའི་ཁྲོད་དུ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་68ཡོད་(ནད་པ་5སྨན་ཁང་ནས་བུད་པ་དང་ནད་པ་2ཚེ་ལས་འདས)པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་10ཡོད་(ནད་པ་6སྨན་ཁང་ནས་བུད)ཅིང་། ཐའེ་ཝན་ས་ཁུལ་དུ་ནད་པ་24ཡོད་(ནད་པ་2སྨན་ཁང་ནས་བུད་པ་དང་ནད་པ་1ཚེ་ལས་འདས)དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།