མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རིམས་འགོག་ཁྲིམས་སྐྱོང་གི་དྲིལ་སྒྲོག་གཞི་རིམ་དུ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        རྔ་བའི་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ་ཚེ་པེ།)  ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ ་ནས་བཟུང་། རྫོང་ཁྲིམས་འཛིན་ཅུས་ཀྱིས་འགན་ནུས་ལ་གཞི་ཚུགས་པ་དང་།  བྱ་སྤྱོད་ཧུར་ཐག་གིས་སྤེལ་ནས། ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བཅའ་ཁྲིམས་སྲིད་ཇུས་གྲོང་སྡེ་ཡོངས་སུ་ཁྱབ་པའི་ལས་དོན་ཏན་ཏིག་ངང་སྤེལ།   ཟླ་2ཚེས་18ཉིན། རྫོང་ཁྲིམས་འཛིན་ཅུས་ཁྲིམས་སྐྱོང་དྲིལ་སྒྲོག་ཚན་ཆུང་གིས་ཐེ་བོ་གྲོང་རྡལ་དུ་བསྐྱོད་དེ་རིམས་འགོག་སྔོན་འགོག་གི་བཅའ་ཁྲིམས་ཁྲིམས་སྲོལ་ཁྲིམས་སྐྱོང་གི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། རིམས་ནད་འགོག་རྒོལ་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས། 

         བྱེད་སྒོ་སྤེལ་སྐབས། ལས་ཀ་མི་སྣས་ཐེ་བོ་གྲོང་རྡལ་གྱི་གྲོང་རྡལ་དང་ཡུལ་ཚོ་དང་།  དགོན་སྡེ།  དེ་མིན་རིམས་ནད་སྔོན་འགོག་ཚོད་འཛིན་བཀག་སྒོ་སོགས་ལ་བོད་རྒྱ་སྐད་གཉིས་ཀྱི་རིམས་འགོག་གི་ཁྲིམས་སྐྱོང་དྲིལ་སྒྲོག་ཤོག་བྱང་400ལྷག་སྦྱིན་པ་དང་སྦྱར་ནས།  མི་གྲངས་250ལྷག་ལ་ཁེབས་པ་དང་ ། བཅའ་ཁྲིམས་བློ་འདྲི་མི17ལ་ལན་བརྒྱབ་པ་།  སྐོར་སྐྱོད་དྲིལ་སྒྲོག་རླངས་འཁོར་སྤྱད་དེ་བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་རིམས་འགོག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་བསྟན་པ།  གྲོང་སྡོད་ཧྲུའུ་ཅི་དང་བོ་དང་།  གྲོང་སྡོད་ལས་ཀ་རུ་ཁག་གིས་འབྲེལ་གཏུག་རོགས་སྐྱོར་གྲོང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་འཛིན་བྱེད་པར་ལྟ་སྐུལ་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་སྟོབས་ཤུགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་བོར་བསྐྱོད་དེ།  སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་བསྣན་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།