རྔ་ཡུལ་ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས།

རྩོམ་པ་པོ།   སྐལ་བཟང་ཚེ་བརྟན། ཚེ་རིང་དབང་མོ།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བའི་འཕྲིན།


        རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉིན་ཤས་རིང་། ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་སེར་སྐྱ་མང་ཚོགས་ལ་བོད་སྨན་སྦྱིན་པ་བཏང་། 

       རྔ་བ་རྫོང་དང་རྫོང་གི་མཐའ་འཁོར་གྱི་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད།  ཟླ2ཚེས8ཉིན།ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ལགས་གཙོ་བྱས་ནས་བོད་ལུགས་གསོ་རིག་ཆེད་མཁས་པ་26གིས་ཉིན་ཞག་བརྒྱད་ཀྱི་རིང་། སྐུ་ཚེགས་ལ་མ་འཛེམས་པར་སྒོར་ཁྲི་36ལྷག་གི་སྨན་རིལ་ནག་པོ་དགུ་སྦྱོར་ཁྲི་ཚོ་15བཟོས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་སེར་སྐྱ་མང་ཚོགས་ལ་སྦྱིན་པ་བཏང་།  གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རང་ནུས་པས་སྲི་ཞུ་བསྒྲུབས།


             ལས་བྱེད་པ་དང་མང་ཚོགས་ལ་སྨན་རིལ་སྟེར་སྐབས། གསོ་རིག་འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ཀྱིས། ཏོག་གསར་གློ་ཚད་བྱུང་རྗེས་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀར་ཧུར་ཐག་འབད་ཐག་བྱས་ཤིང་།  སྨན་རིལ་ནག་པོ་དགུ་སྦྱོར་བཟོས་ཏེ་སེར་སྐྱ་མང་ཚོགས་དང་ལས་བྱེད་པ་རྣམས་ལ་སྦྱིན་པ་བཏང་བ་ཡིན།  གསོ་རིག་འགྲོ་ཕན་གླིང་གིས་རང་ནུས་ཡོད་ཚད་བཏོན་ནས་མང་ཚོགས་དང་མཉམ་དུ་རིམས་ནད་སྔོན་འགོག་བྱས་པ་ཡིན།  སེམས་ཅན་ནད་པ་ཇི་སྙེད་པ་མྱུར་དུ་ནད་ལས་ཐར་ཏེ། བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད།  ཅེས་གསུངས་སོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།