རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཡོད།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་གནད་འགག་གི་སྐབས་སུ་སླེབས་པས། མི་སྣ་འགྲོ་སྐྱོད་ཉུང་དུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྔར་བས་དོན་འཁྱོལ་ཡག་པོ་བྱ་ཆེད། ཧུང་ཡོན་རྫོང་ཨ་མོའི་ཡུལ་ཚོས་ཏང་ཡོན་ཞབས་ཞུ་རུ་ཁག་གི་དངོས་ཟོག་ཉོ་སྒྲུབ་ལས་ཚབ་ས་ཚིགས་བཙུགས་ནས་ཏང་ཡོན་ཚོས་ཚབ་ཉོ་བ་བྱས་ནས།  ལས་བྱེད་པ་དང་མང་ཚོགས་ལ་འཚོ་བའི་མཁོ་ཆས་རིན་མེད་ངང་ཚབ་ཉོ་བྱས་ནས། རིམས་ནད་འགོ་མཆེད་ཀྱི་ཉེན་ཁ་ཆུང་དུ་གཏང་ཡོད། ཁ་དྲོ། ཁ་དྲོ།  ཁྱེད་ཚོས་ཉིན་མཚན་མེད་པར་བྲེལ་བ་ཆེན་པོས་ང་ཚོ་མང་ཚོགས་ཀྱི་འཚོ་བ་མ་བརྗེད་པར་ང་ཚོས་ཏང་གི་དྲོ་སྐྱིད་ཚོར་བྱུང་ཞེས་ཨ་མོའི་ཡུལ་ཚོའི་མང་ཚོགས་ཀྱིས་དེ་ལྟར་ཁོ་ཚོར་བཀའ་དྲིན་ཞུ་བཞིན་འདུག།

         ཨ་མོའི་ཡུལ་ཚོའི་བཀག་སྡོམ་དོ་དམ་ལག་བསྟར་བྱས་ཚུན་ནས་བཟུང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས་ཏང་ཡོན་ཞབས་ཞུ་རུ་ཁག་གི་དངོས་ཟོག་ཉོ་སྒྲུབ་ལས་ཚབ་ས་ཚིགས་གནས་གཏན་འཁེལ་གྱིས་བཙུགས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་འཚོ་བའི་དངོས་རྫས་རིན་མེད་ངང་ཚབ་ཉོ་བྱས་ནས་རིམས་ནད་ཀྱི་ཉེན་ཁ་ཆུང་དུ་བཏང་ཡོད་ཅེས་ཨ་མོའི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་དཔོན་སྐལ་བཟང་གིས་དེ་ལྟར་བཤད།   དྲོ་སྐྱིད་ལྡན་པའི་ཏང་ཡོན་ཞབས་ཞུའི་ཚབ་ཉོ་རུ་ཁག་གིས་ཉིན་ལྟར་ཉོ་སྒྲུབ་རྩིས་ཐོ་གཏན་འཁེལ་དང་འཐུས་སྒོ་ཚང་དུ་བཏང་རྗེས་ཉིན་གཅིག་གི་ཚབ་ཉོའི་ལས་འགན་སྒྲུབ་ཀྱི་ཡོད།

         ཧུང་ཡོན་རྫོང་དུ་ཏང་ཡོན་གྱིས་ཚབ་ཉོ་བྱེད་སྟངས་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་བ་དང་། ཡུལ་གྲོང་མང་ཆེ་བས་ཏང་ཡོན་གྱི་ཚབ་ཉོ་ཞབས་ཞུའི་རུ་ཁག་བཙུགས་པ། རྫོང་ཡོངས་ཀྱི་ལས་ཁུངས་སོ་སོས་ཀྱང་གཅིག་གཏད་གཅིག་དང་གཅིག་གཏད་མང་པོའི་རྣམ་པའི་སྒོ་རྩར་ཞབས་འདེགས་ཞུ་བའི་ལྟ་སྐུལ་དོ་དམ་ལམ་སྲོལ་བཟོས་པར་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྔགས་བརྗོད་ཐོབ།

         རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྲགས་འགུལ་མེད་པར་ཞབས་ཞུ་དང་བརྟན་སྲུང་བྱས་ཡོད་ལ། རྒྱ་ཆེའི་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་པས། རིམས་ནད་ཀྱི་སྨུག་རྡུལ་ནམ་ཞིག་ལ་ཡལ་འགྲོ་བར་ཡིད་ཆེས་དང་རེ་བས་སྒུག་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།