མིའི་རིགས་ཡ་མིའི་རིགས། ང་ཡི་ཚེ་སྲོག་ང་ལ་དབང་བར་བྱ་རོགས།

རྩོམ་པ་པོ།   ཚེ་རིང་དབང་མོ།དུས་ཚོད།   2020-02-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྩོམ་སྒྲིག་པའི་གཏམ།

       ས་ཡི་གོ་ལ་ཆེན་པོ་འདིར་མིའི་རིགས་ཀྱིས་དབང་བསྒྱུར་ཏེ་ལོ་ངོ་ཁྲི་སྟོང་འདས་པའི་ཡུན་དུ། གོ་ལ་འདིར་གནས་ཤིང་འཚོ་བའི་སྲོག་ཆགས་སོགས་ཀྱི་འཚོ་གནས་ལ་གནོད་འཚེ་དང་འཇིགས་སྣང་གང་མང་བཟོས་མྱངས་ཏེ། གནམ་ན་འཕུར་བའི་འདབ་ཆགས་བྱ་རིགས་དང་། ས་ན་རྒྱུ་བའི་སེམས་ཅན་ཆེ་མ་ཆུང་གསུམ། མཚོ་ལ་གནས་པའི་ཉ་སྲམ་འབུ་སྲིན་སྣ་ཚོགས་པའི་འཚོ་གནས་བཅོམ་ཞིང་ཚེ་སྲོག་འཕྲོག་ནས་གོས་སུ་གྱོན་པ་དང་ཟས་སུ་བཟའ་བ་སོགས་སྣང་ཚུལ་མང་དུ་བྱུང་། ད་ནི་ང་ཚོ་མིའི་རིགས་ཀྱིས་རང་ཉིད་ཀྱི་ཧམ་སེམས་དེར་བདག་པོ་རེ་བརྒྱབ་ནས་ཉམས་ཆུང་སེམས་ཅན་དག་གི་ཚེ་སྲོག་ལ་གཅེས་སྤྲས་བྱ་རན་འདུག་སྟེ། ས་ཡི་གོ་ལ་རིལ་མོ་འདི་ནི་མིའི་རིགས་ཁོ་ནར་དབང་བ་ཞིག་གཏན་ནས་མ་ཡིན་ནོ།།






རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།