མཛོད་དགེ་བོད་ལུགས་ཕྱུགས་ནད་སྨན་པས་ཝུའུ་ཧན་ལ་ཞལ་འདེབས་ཕུལ།

མཛོད་དགེ་རྫོང་བོད་ལུགས་ཕྱུགས་ནད་སྨན་པའི་རིག་གཞུང་སློབ་ཚོགས་ཀྱིས་ཝུའུ་ཧན་ནད་ཁུལ་ལ་སྒོ་ཁྲི་2ལྷག་གི་ཞལ་འདེབས་ཕུལ།

རྩོམ་པ་པོ།   དབང་ཆེན་སྒྲོལ་མ།དུས་ཚོད།   2020-02-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཏོག་གསར་གློ་ཚད་ཀྱིས་རྒྱལ་ཡོངས་ལ་གནོད་འཚེ་ཚབས་ཆེན་བཟོས་པས་མཛོད་དགེ་རྫོང་བོད་ལུགས་ཕྱུགས་ནད་སྨན་པའི་རིག་གཞུང་ཚོགས་པའི་ཚོགས་མི་རེ་རེའི་སེམས་ཀྱི་བརྩེ་བ་སྒུལ།

         ཟླ་2ཚེས་17ཉིན། མཛོད་དགེ་རྫོང་བོད་ལུགས་ཕྱུགས་ནད་སྨན་པའི་རིག་གཞུང་ཚོགས་པས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་བོ་ཕྱིར་མངོན་ཏེ། ལས་འཁྱུར་ངལ་གསོ་བ་དང་ཚོགས་མི་ཁ་ཤས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཚོགས་པའི་ནང་ལ་ཚོགས་མི་ཡོངས་ཀྱིས་རོགས་སྐྱོར་གྱི་ལག་པ་བསྲིངས་ནས་ཝུའུ་ཧན་ལ་གཅེས་སེམས་འབུལ་བའི་གྲོས་འགོ་བཏོན་པས། དུས་ཡུན་ཐུང་ངུ་ཉིན་གསུམ་རིང་དུ་ཚོགས་མི་ཚོས་ཞལ་འདེབས་ཕུལ། ཁྱོན་མི་70ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱེད་སྒོ་ལ་ཞུགས་ཤིང་། སྒོར་22100ཡི་ཞལ་འདེབས་ཕུལ་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།