མཛོད་དགེས་རིམ་པ་བཞི་དང་བརྒྱུད་རིམ་བཞིའི་རིམས་འགོག་ཉེན་མེད་དྲ་བ་བརྟན་འཛུགས་ལ་ཤུགས་བསྣན།

རྩོམ་པ་པོ།   དུས་ཚོད།   2020-02-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           གྲོང་རྡལ་གྱི་རིམས་འགོག་ཚོད་འཛིན་དྲ་རྒྱ་ཅན་གྱིས་དོ་དམ་ལ་ཤུགས་སྣོན་ཆེད།རང་རྫོང་གིས་སྟག་ཚ་གྲོང་རྡལ་གྱི་ཏང་ཨུའི་སྲིད་གཞུང་དང་།ལས་ཁུངས།སྡེ་བ་དང་སྡེ་ཁུལ་གྱིས་ཨུ་ཡོན་ལྷན་ཁང་གཉིས།ལས་མེད་ཏང་ཡོན།མི་དམངས་ཉེན་རྟོག་པ་བཅས་གཙོར་བཟུང་སྟེ།དྲ་རྒྱ་ཅན་གྱི་དོ་དམ་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས།རིམས་ནད་འགོག་སྲུང་སྐོར་གྱི་ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་འགན་བླངས་པ་རེད།

        མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་གྱིས་རིམ་པ་བཞི་དང་བརྒྱུད་རིམ་བཞིའི་ལས་སྒྲུབ་ཐབས་ལམ་ལྟར།དྲ་རྒྱ་ཅན་གྱི་དོ་དམ་བྱས་ཏེ་དུས་ལྟར་གནས་ཚུལ་ལ་ཞིབ་ཚགས་བྱེད་པའི་དུས་མཚུངས་སུ།རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དུས་ལྟར་རིམས་འགོག་ཤེས་བྱ་ཁྱབ་གདལ་བཏང་།དོ་དམ་བཀག་འགོག་ལས་དོན་དང་ཞབས་ཞུའི་ལས་དོན་ལེགས་སྒྲུབ་བྱས་ཏེ།ཕྱི་མྱི་སྡེ་བའི་ནང་དུ་ཡོང་མི་ཆོག་པ་དང་ནང་མི་ཕྱི་རོལ་དུ་འགྲོ་མི་ཆོག་རྒྱུ་བཀག་འགོག་བྱས།

           སྟག་ཚ་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་དོ་དམ་ཁུལ་མང་བོར་བགོས་ཏེ།མཉམ་འགོག་མཉམ་བཅོས་མ་ལག་བསྐྲུན་ནས།ཞིབ་བཤེར་བྱེད་པའི་འགན་བླངས།ཉེ་ལམ་རྫོང་ཐོག་ཏུ་ཡོང་བའི་མི་སྣ་མང་བར་དམིགས་ཏེ།སྟག་ཚ་གྲོང་རྡལ་གྱིས་ཉིན་རེར་ལས་སྒྲུབ་མི་སྣས་ལས་རས་བྱེད་པའི་ཐབས་ལམ་སྤྱོད།མིག་སྔའི་བར་དུ་ཁྱིམ་ཚང་594དང་མི་གྲངས་1469ལ་དཔྱད་ཞིབ་བྱས།གྲོང་རྡལ་གྱིས་ད་དུང་རིམས་འགོག་ཚོད་འཛིན་ཁྱབ་སྒྲོག་བྱེད་སྒོ་སྤེལ་བ་དང་རྒྱང་སྒྲོག་རླངས་འཁོར་འཁོར་སྐྱོད་གཏོང་བ་སོགས་ཀྱི་ལམ་ནས།དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བས།དྲིལ་སྒྲོག་ཁེབས་ཚད་སྡོམ་པའི་མི་9000ཡོད།དོགས་ཡོད་མི་སྣར་ཞིབ་བཤེར་བྱེད་རྒྱུ་ལས་སྒྲུབ་མི་སྣར་ཧུར་ཐག་གིས་གཞོགས་འདེགས་བྱས།

           སྟག་ཚ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧྲུའུ་ཅ་ལིའང་གིས།རྫོང་གི་མངའ་ཁོངས་ཀྱི་སྡོད་ཁུལ་དུ་ས་གདན་བཞག་ནས་ཕར་འགྲོ་ཚུར་འོང་བྱེད་དུ་འཇུག་དགོས།གཉིས་ཁུངས་གཏོགས་ས་ཁུལ་གྱི་སྡོད་དམངས་ཀྱིས་རིམས་འགོག་རྒྱུན་ཤེས་མཐོར་འདེགས་བཏང་ཏེ།རྫོང་མཁར་དུ་ལོག་རྗེས་ཉིན་14རིང་ཐོ་འགོད་དང་ཞིབ་བཤེར་གང་ལེགས་བྱེད་པ་བརྒྱུད་ནས།སྟག་ཚ་གྲོང་རྡལ་གྱིས་མངའ་ཁུངས་སུ་རིམས་འགོག་ཚོད་འཛིན་བྱ་བར་ཆད་ལྷག་མེད་པར་ཁག་ཐག་ནན་མོ་བྱེད་དགོས་པ་བཏོན།

            རྒྱུས་ལོན་པ་ལྟར་ན། ཕྱོགས་ཡོངས་ནས་རིམས་འགོག་གཟབ་ནན་ལ་ཤུགས་སྣོན་པ་དང་ཕར་འགྲོ་ཚུར་འོང་གི་མི་ཇེ་ཉུང་དུ་གཏོང་ཕྱིར།མཛོད་དགེ་རྫོང་གིས་དེ་རིང་ནས་བཟུང་སྟག་ཚ་གྲོང་རྡལ་དང་སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ཁང་།ཁྲིམས་ཁང་སོགས་ཀྱིས་བཀགའགོག་ལ་ལས་རེས་བྱས་ཏེ། རྫོང་ཡོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད།

         མཛོད་དགེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་དམག་མི། མ་ཆི་མེན་གྱིས། ངས་འདི་ནས་གཙོ་བོ་ཕར་འགྲོ་ཚུར་འོང་མཁན་ལ་ཐོ་འགོད་བྱེད་བཞིན་ཡོད།ཕྱོགས་གཞན་དུ་འགྲོ་དགོས་ཚེ་ཐོག་མར་ངེས་པར་དུ་རིམ་པ་གོང་མའི་ཆོག་མཆན་ཡི་གེ་ཡོད་དགོས་པས།ཚང་མ་ལ་སྟབས་མི་བདེ་བ་བཟོས་སོང་བས་དགོངས་པ་མ་ཚོམ་ཅེས་བཤད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།