ཧུང་ཡོན་རྫོང་སློབ་འབྲིང་སློབ་གྲྭས་མཐར་ཕྱིན་འཛིན་གྲྭར ་དྲ་ཐོག་གི་རྒྱང་རིང་སློབ་གསོ་སློབ་ཚན་ཧུར་ཐག་གིས་ སྤེལ་བ།

རྩོམ་པ་པོ།   ཚེ་པེ།དུས་ཚོད།   2020-02-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཏོག་གསར་གློ་ཚད་འགོ་བ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་ལས་བཟང་བོ་བསྒྲུབས་ཆེད། ཧུང་ཡོན་རྫོང་སློབ་འབྲིང་སློབ་གྲྭས་གོང་རིམ་གྱིས་སློབ་འགོ་འཛུགས་རྒྱུ་ནར་འགྱངས་གཏོང་བའི་ལས་ཀའི་བཀོད་སྒྲིག་ལྟར“སློབ་ཁྲིད་བྱེད་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི"རྩ་དོན་གཞིར་བཟུང་ནས།   སྔར་གྱི་འཆར་གཞི་ཟླ་2པ་ནས་བཟུང་མཐར་ཕྱིན་འཛིན་གྲྭར་ གཅིག་སྡུད་བསྐྱར་སྦྱོང་བྱེད་པའི་འཆར་གཞི་མེད་པར་བཟོས་ཏེ།ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད།《ཧུང་ཡོན་རྫོང་སློབ་འབྲིང་སློབ་གྲྭའི་མཐར་ཕྱིན་ འཛིན་གྲྭར་དྲ་ཐོག་གི་རྒྱང་རིང་སློབ་གསོ་སློབ་ཚན་ སྤེལ་བའི་ལག་བསྟར་ཇུས་གཞི》ཞིབ་ཚགས་ངང་ཇུས་འགོད་བྱས་ཏེ། ཟླ་པའི་2ཚེས་10ཉིན་ནས་བཟུང་སློབ་གྲྭས་མཐར་ཕྱིན་འཛིན་གྲྭར་ དྲ་ཐོག་གི་རྒྱང་རིང་སློབ་གསོ་སློབ་ཚན་སྤེལ་ནས། སློབ་ཁྲིད་བྱེད་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མ་བཞག་པ་མངོན་དུ་གྱུར།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།