ཟུང་ཆུ་རྫོང་ནན་ཅེ་སྡེ་བས་སྡེ་དམངས་ཀྱི་བྱམས་སེམས་རོགས་དངུལ་ཞལ་འདེབས་ཕུལ་ནས་རིམས་འགོག་ལ་རྒོལ་བ་བྱས།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་སྔོན།  ཟུང་ཆུ་རྫོང་ཅིན་ཨན་གྲོང་རྡལ་ནན་ཅེ་སྡེ་བས་སྡེ་དམངས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་དུ་སྡེ་བའི་ཀྲུའུ་རེན་དབྱང་ཆུང་ཡུའུ་ཡིས་སྡེ་དམངས་ཡོངས་ཀྱིས་མ་དངུལ་ཞལ་འདེབས་ཕུལ་ཏེ་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་རྗེས་ནས་སྡེ་དམངས་ཧུར་ཐག་གིས་ཞལ་འདེབས་བྱེད་སྒོར་ཞུགས་ནས་ཞལ་འདེབས་ཕུལ་བ་རེད།

         སྡེ་དམངས་ཀྲའོ་ཨན་ཞང་གིས་གསེར་རྐོ་སྡེ་བ་རུ་གདུ་ཐུག་ཟ་སའི་ཚོང་ཁང་ཞིག་གཉེར་ཡོད་ལ། ནམ་རྒྱུན་འགྲུལ་བ་མང་བས་ཚོང་ལས་ཡར་དར་གོང་འཕེལ་ཡིན། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་བྱུང་བས་ཁོས་ཝུའུ་ཧན་མི་དམངས་ལ་ཡང་སེམས་ཁྲལ་བྱེད་བཞིན་ཡོད། སྡེ་བའི་ནང་དུ་མ་དངུལ་རོགས་སྐྱོར་བྱེད་སྒོ་སྤེལ་བཞིན་པ་ཤེས་རྟོགས་བྱུང་རྗེས། ཁོ་ཆེད་དུ་སྡེ་བའི་ནང་དུ་སོང་ནས་མ་དངུལ་སྒོར་ཁྲི་གཅིག་ཞལ་འདེབས་ཕུལ་བ་ཡིན།

            མིག་སྔའི་བར་དུ། ཟུང་ཆུ་རྫོང་ཅིན་ཨན་གྲོང་རྡལ་ནན་ཅེ་སྡེ་བས་སྡེ་དམངས་ཀྱིས་ཝུའུ་ཧན་ལ་མ་དངུལ་སྒོར་ཁྲི་ལྔ་སྟོང་ལྔ་ཞལ་འདེབས་ཕུལ་ཡོད་ལ། དེ་དང་དུས་མཚུངས་སུ། བྱམས་སེམས་རོགས་དངུལ་ཞལ་འདེབས་བྱེད་སྒོ་མུ་མཐུད་དུ་སྤེལ་བཞིན་ཡོད་པས། མཇུག་མཐར་ཞལ་འདེབས་མ་དངུལ་འདི་ཟུང་ཆུ་རྫོང་རྒྱ་གྲམ་དམར་པོ་བརྒྱུད་ནས་ཝུའུ་ཧན་ལ་སྦྱིན་རྒྱུ་རེད།

            ཞལ་འདེབས་ལ་མང་ཉུང་མེད་ལ། བྱམས་སེམས་ནི་ཐོག་མའི་སེམས་འདུན་ཡིན།ད་ཐེངས་ཀྱི་ཐལ་རྡུལ་མེད་པའི་འཐབ་བརྩོད་ཁྲོད་དུ། ཟུང་ཆུ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྒན་པ་དང་ཁེ་ལས་དེ་མིན། སྤྱི་ཚོགས་ཀྱི་རིགས་སོ་སོའི་བྱམས་སེམས་མི་སྣར་སྐུལ་སློང་ཐེབས་ནས། མ་དངུལ་དང་དངོས་རྫས་ཞལ་འདེབས་ཕུལ་ཏེ། རང་ཉིད་ཀྱི་བྱེད་སྒོ་དངོས་ལ་བརྟེན་ནས་ཝུའུ་ཧན་ལ་རོགས་སྐྱོར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རོགས་སྐྱོར་བྱས་ཏེ། རང་ཉིད་ཀྱི་རིམས་ནད་འགོག་སྲུང་འཐབ་བརྩོད་པར་རྣམ་པར་རྒྱལ་བར་ནུས་ཤུགས་ཡོད་དགུའི་བྱས་རྗེས་བཞག་པ་ཡིན། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།