ཟུང་ཆུ་རྫོང་སྲིད་འཛིན་ཞིབ་མཆན་ཅུས་ཀྱིས་ལས་མགོ་ཚུགས་པར་གོ་རིམ་ལྡན་ཞིང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ལྡན་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་དུས། ཟུང་ཆུ་རྫོང་སྲིད་དོན་ཞབས་འདེགས་ལྟེ་གནས་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་པའི་ཉིན་མོར། སྤྱི་བདེའི་སྒེའུ་ཁུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་ཀྱི་མངགས་ཉོའི་ཡིག་ཆ་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་ལེགས་འགྲུབ་བྱུང་བ་དང་བློ་འདྲིའི་ཡིག་ཆ་ལྔ་དང་མངགས་ཉོ་ཡིག་ཆ་གཅིག་ལེགས་སྒྲུབ་བྱས་པ་རེད།

          ཡིག་ཆ་སྒྲུབ་གཉེར་བྱེད་པའི་བརྒྱུད་རིམ་ནང་ལས་དོན་སྒྲུབ་པའི་སྔོན་འགྲོའི་བློ་འདྲི་དང་ཁ་ཆད་བྱས་པ་དང་། ལས་དོན་སྒྲུབ་པར་རང་འགུལ་སྒོས་ཁ་རས་བརྒྱབ་ནས་འགོག་སྲུང་ཡག་པོ་བྱེད་པ་དང་། རང་འགུལ་ངང་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་ལེན་བྱེད་པ། ཁ་ཆད་ཆ་འཕྲིན་གཏོང་བ། ལས་སྒོ་སྒྲུབ་ཚར་རྗེས་སྲིད་དོན་ཚོམས་ཆེན་དང་བྲལ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་སྲིད་དོན་ཞབས་ཞུའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་མགོ་ལེགས་པོ་ཞིག་བཙུགས་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།