མཐོ་རྒྱུགས་ཕྱིར་འགྱངས་བྱེད་མི་བྱེད་སྐོར་ལ།  སློབ་གསོ་པུའུ་ཡིས་ལམ་བཏབ་ཡོད།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    ཞིན་ཧྭ་གསར་འགྱུར་ཁང་།

                   རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུའུ་ཡིས་སློབ་གྲྭ་ཆེན་མོའི་སློབ་མས་མགོ་གཙོ་ཝང་ཧུའེ་ཡིས། མིག་སྔར་མཐོ་རྒྱུགས་བར་ད་དུང་ཟླ་བ་བཞི་ཙམ་གྱི་དུས་ཚོད་ཡོད་པས། ང་ཚོས་རིམས་ནད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་ལ་དོ་སྣང་བྱས་ཏེ་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཁག་དང་མཉམ་དུ་རིམས་ནད་ཀྱིས་ཡིག་རྒྱུགས་སྒྲིག་འཛུགས་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པར་དུས་ཐོག་ཏུ་དཔྱད་དཔོག་བྱས་ཏེ་ད་ལོའི་མཐོ་རྒྱུགས་ཀྱི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་གཟབ་ནན་བྱ་རྒྱུ་ཡིན་ཞེས་བཤད་པ་དང་།འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་བཤད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།