རིམས་ནད་འགོག་ཅིང་དཔྱིད་རྨོད་ལས་ལ་བྲེལ།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།




          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  དཔྱིད་ཀྱི་དཔལ་མོ་ས་གཞིའི་ཁྱོན་ལ་ལྡང་དུས། མའོ་རྫོང་གི་ཞིང་བ་མང་ཚོགས་ཀྱིས་དཔྱིད་རྨོད་ཀྱི་མགོ་བརྩམས་ཤིང་། ཞིང་རྨོད་ཡུན་འགོར་འགྱངས་མི་བྱེད་ཆེད། མའོ་རྫོང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱེད་པ་དང་ཆབས་ཅིག ཧུར་ཐག་གིས་ཞིང་ལུད་ཏུན་5950དང་། ས་བོན་སྤྱི་རྒྱ་2680། ཞིང་སྨན་ཏུན་26། ཞིང་སྤྱོད་འགྱིག་ཤོག་ཏུན་30། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཁྲི་2ལྷག་གྲབས་གསོག་བྱས་པར་མ་ཟད། རྫོང་ཡོངས་སུ་ཞིང་སྤྱོད་རྒྱུ་ཆ་སྡེབ་སྐྱེལ་ལྟེ་གནས་ཀྱི་ཡུལ་ཚོ་རིམ་པའི་ཚོང་ཁང་23དང་གྲོང་ཚོ་རིམ་པའི་ཚོང་ཁང་145བཙུགས་ནས་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།