ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་རིམས་འགོག་ལ་ཞལ་འདེབས་ཕུལ།

རྩོམ་པ་པོ།   དུས་ཚོད།   2020-02-14   རྩོམ་ཁུངས།    རྔ་བའི་བྱང་ཆུབ་ཆོས་སྡིངས་ལས་བཤུས།  

           རིམས་ནད་ངན་པ་འདི་གང་སར་མཆེད་པའི་རྗེས་ནས། ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་རང་འགུལ་ངང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ལམ་སྟོན་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། དགོན་སྡེ་ཁག་གི་ཕྱིའི་མཇལ་སྐོར་དང་ནང་གི་བྱེད་སྒོ་ཁག་རྣམས་ཀྱང་གནས་སྐབས་མཚམས་འཇོག་བྱས། གཞན་ཡང་ཡུལ་གཞན་ནས་དགོན་སྡེར་ལོག་མཁན་གྱི་དགེ་འདུན་པ་རྣམས་ལའང་བརྟག་དཔྱད་དང་དོ་དམ་ནན་མོ་བྱས།

           རིམས་ནད་ཀྱི་འཕེལ་ཁྱབ་དང་རྒྱལ་ཡོངས་སྤུན་ཟླའི་བདེ་སྡུག་ལ་ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་ཐུགས་ཁུར་ཟབ་བཞེས་གནང་བར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་དམངས་སེམས་གཅིག་མཐུན་དང་རིམས་ནད་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་ཞིང་། རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཇབ་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཕྱིར་དུ་གཞན་ཕན་སྙིང་རྗེའི་རང་མདངས་ཀྱི་རྒྱུན་བཟུང་ནས་རིམས་ནད་ས་ཁུལ་ལ་དམངས་སྒོར་དང་དངོས་ཟོག་གིས་ཞལ་འདེབས་གང་མང་གནང་བར་མ་ཟད། སྐྱབས་འཇུག་དང་བསྔོ་སྨོན་གྱིས་གདུང་སེམས་མཉམ་བསྐྱེད་བྱས།

            ཟླ་2ཚེས་10ཉིན་ནས། ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་རིམས་འགོག་ས་ཁུལ་དུ་ཁྱོན་དམངས་སྒོར་1876445.40ལྷག་གི་ཞལ་འདེབས་གནང་ཡོད་ལ། དངོས་ཟོག་གི་རིན་དམངས་སྒོར་ལ་ཕབ་ན། 753770.00ཙམ་ཟིན། ༼དངོས་ཟོག་ལ། ཁ་རས་དང་། བཟའ་བཅའ། གོན་པ། དུག་སེལ་ཆུ། སྨན་པའི་ཡོ་བྱད་སོགས་འདུ༽ ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་། བློ་བརྟན་འགྱུར་མེད། སྐྱིད་སྡུག་མཉམ་གཤིབ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱིས་རིམས་ནད་འགོག་རྒོལ་དམག་འཐབ་འདི་ལས་ཡོངས་སུ་རྣམ་པར་རྒྱལ་པར་ཡིད་ཆེས་བརྟན་པོ་ཡོད་དོ།།

རྔ་བ་རྫོང་གི་དགོན་ཁག  



མཛོད་དགེ་རྫོང་གི་དགོན་ཁག



ཧུང་ཡོན་རྫོང་གི་དགོན་ཁག



འཛམ་ཐང་རྫོང་གི་དགོན་ཁག



འབར་ཁམས་གྲོང་ཁྱེར་གྱི་དགོན་ཁག



ཟུང་ཆུ་རྫོང་གི་དགོན་ཁག



གཟི་རྩ་སྡེ་དགུ་རྫོང་གི་དགོན་ཁག





ཆུ་ཆེན་རྫོང་གི་དགོན་ཁག





ཁྲོ་ཆུ་རྫོང་གི་དགོན་ཁག



ལིས་རྫོང་གི་དགོན་ཁག



བཙན་ལྷ་རྫོང་གི་དགོན་པ།



རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།