ཟུང་ཆུ་རྫོང་མི་དམངས་ཉེན་རྟོག་པས“རིམས་འགོག་ལ་འཐབ་བརྩོད་དང་བྱམས་སེམས་ཕུལ་རྒྱུ” གཉིས་དམ་འཛིན་བྱས།

རྩོམ་པ་པོ།   དུས་ཚོད།   2020-02-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཏོག་གསར་གློ་ཚད་ལས་རྒྱལ་ཡོངས་ཀྱིས་མི་དམངས་དུང་ཕྱུར་མང་པོའི་སེམས་ལ་ཤུགས་རྐྱེན་ཐེབས་ཡོད། ཡིན་ཡང་འདི་ལྟ་བུའི་མང་ཚོགས་སྐོར་ཞིག་གིས་ཉིན་མཚན་འཕྲོ་མཐུད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད།དཔེ་ཞིག་ལ་གཞན་ལ་རྒྱ་སེ་མེ་ཏོག་ཕུལ་ན། རང་གི་ལག་ནང་དུ་དྲི་ཞིམ་ཐུལ་ཞེས་པ་བཞིན། དམིགས་བསལ་གྱི་ཏང་དངུལ་སྤྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རོགས་སྐྱོར་གནང་སྟེ། མི་དམངས་ཉེན་རྟོག་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་པར་བྱས་ཡོད།

          ཉེ་སྔོན། ཟུང་ཆུ་རྫོང་སྤྱི་བདེ་ཅུས་ཏང་ཨུས་གྲོས་འགོ་བཏོན་པ་ལྟར་དུ། སྤྱི་བདེ་ཉེན་རྟོག་ཏང་ཡོན་ལས་བཟོ་ཡོངས་ཀྱིས་དམིགས་མསལ་གྱི་ཏང་དངུལ་སྤྲད་དེ། སྟོབས་ཤུགས་གཅིག་སྒྲིལ་སྒོས། ཝུའུ་ཧན་ལ་ཤུགས་བརྒྱབ་པ་རེད། ཟུང་ཆུ་རྫོང་དམུ་དགེ་མངག་གཏོང་ཁང་གིས་འགོ་གཙོ་ཁྲིན་མིན་གྱིས། ཚང་མས་མ་དངུལ་སྒོར་བཅུ་ལྷག་ཞབས་འདེབས་ཕུལ་ན་འཐབ་བརྩོན་བྱེད་བཞིན་པའི་སྨན་པ་ཚོས་ཁ་རས་གཉིས་ཉོ་ཐུབ་ཞེས་བཤད་མ་ཐག་ཏུ། ཉེན་རྟོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་ཕུལ་བ་རེད།

      དུས་མཚུངས་སུ། གསར་འགོད་པས་རྒྱུས་ལོན་པར་ལྟར་ན། སྔོན་ཆད་ཟུང་ཆུ་རྫོང་སྤྱི་བདེ་ཅུས་དམུ་དགེ་མངག་གཏོང་ཁང་གི་འགོ་གཙོ་ལ། ལོ་ངོ་ཞེ་བདུན་རིང་གི་ཏང་ལོ་ཡོད་པའི་བློ་མཐུན་རྒན་པ་བཀྲ་ཁོ་ཡིས་དམུ་དགེ་གྲོང་རྡལ་ཨ་སྔོན་སྡེ་བའི་ཀྲི་པུའུ་ལ་དམིགས་བསལ་ཏང་དངུལ་མ་དངུལ་སྒོར་ཁྲི་གཅིག་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

    མིག་སྔའི་བར་དུ། ཟུང་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་མཉམ་དུ་རྩ་འཛུགས་བྱས་ནས་དམིགས་བསལ་ཏང་དངུལ་མ་དངུལ་སྒོར་ཁྲི་བདུན་སྟོང་བཞི་དང་བརྒྱ་ཞལ་འདེབས་སུ་ཕུལ་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།