ཟུང་ཆུ་རྫོང་མཐུན་ཚོགས་ཀྱིས་རང་འགུལ་ངང་སྒོ་འགྲམ་ནས་རིམས་འགོག་བརྟན་སྲུང་བྱས་འདུག

རྩོམ་པ་པོ།   དུས་ཚོད།   2020-02-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟུང་ཆུ་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སོ་སོའི་ཐད་ནས། མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ལ་བརྟེན་ནས་རིམས་ནད་འགོག་བཅོས་ཀྱི་བྱ་བ་འདི་ཧུར་ཐག་གིས་སྒྲུབ་བཞིན་ཡོད། མ་དངུལ་ཞལ་འདེབས་བྱེད་རྒྱུ་དང་། ཡང་ན་ཁ་རས་ཞལ་འདེབས་བྱེད་རྒྱུ་སོགས་ཡིན་ནའང་འདྲ། དེའི་ནང་དུ་ད་རུང་མི་ཚོགས་སྐོར་ཞིག་གིས། རང་ཉིད་ཀྱི་སྤྱི་ཚོགས་ལ་བཅངས་པའི་འགན་འཁྲི་ལ་བརྟེན་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་རིམས་འགོག་ལ་འཐབ་བརྩོན་བྱས་ཏེ། རིམས་ནད་འགོག་བཅོས་སྔ་སེ་ནས་རྣམ་པར་རྒྱལ་བའི་ཆོད་སེམས་ཡོད་ལ། རང་མོས་སྒོས་སྲང་ལམ་དུ་སོང་ནས་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་པའི་འོས་འགན་ཕྲག་ཏུ་ཁུར། ཁོང་ཚོ་ནི་ཟུང་ཆུ་རྫོང་གི་ཆར་ཆུང་ས་ཚིགས་མཐུན་ཚོགས་དང་ཟུང་ཆུ་རྫོང་གི་ཕྱི་རོལ་མཐུན་ཚོགས་ཡིན།

    ཟུང་ཆུ་རྫོང་ཆར་ཆུང་ས་ཚིགས་མཐུན་ཚོགས་དང་ཕྱི་རོལ་མཐུན་ཚོགས་ཀྱིས་མི་ཁ་ཤས་ཤིག་ཅིན་ཨན་གྲོང་རྡལ་གྱི་དྲིལ་སྒྲོག་རུ་ཁག་ལྔ་བའི་ནང་དུ་རང་འདུན་པར་ཞུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་སྒྲོག་བྱས་པ་ལས་གཞན། ད་རུང་མི་སྐོར་ཞིག་གིས་རང་ཉིད་ཀྱིས་མཐུན་ཚོགས་རྩ་འཛུགས་བྱས་ནས་རང་འདུན་པར་ཞུགས་ཏེ་དྲིལ་སྒྲོག་རུ་ཁག་བཙུགས་ནས་ཁྱབ་སྒྲོག་བྱས། ཁོང་ཚོས་སྒྲ་དུང་ཆུང་ཆུང་ཞིག་ཁྱེར་ནས་སྲང་ལམ་དུ་དྲིལ་སྒྲོག་བྱས་པ་ལས་གཞན། ད་རུང་སྐད་འཕྲིན་ཚོགས་པ་དང་། སྐད་འཕྲིན་རྒྱབ་ལྗོངས། མཐུན་ཚོགས་སྤྱི་རྟགས་སུ་བཀོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱའི་སྐོར་དང་། རིམས་ནད་གནས་ཚུལ་སོགས་རིགས་མི་འདྲ་བའི་སྒོ་ནས་དྲིལ་སྒྲོག་བྱས། ཁོང་ཚོས་འབད་བརྩོན་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཤེས་བྱ་ཤེས་སུ་བཅུག་ཏེ། ཁོང་ཚོས་གཟབ་རྟོགས་ནུས་པ་མཐོར་འདེགས་སུ་གཏོང་བའི་ཆེད་ཡིན་པ་རེད།

         ཁོང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ།

        རྩ་འཛུགས་ལ་ནམ་ཞིག་ང་ཚོ་མཁོ་ན། ང་ཚོས་ནམ་རྒྱུན་གྲལ་སྒྲིག་བྱས་ཡོད།ང་ཚོས་ནམ་རྒྱུན་དམངས་ཡོངས་ལ་རིམས་ནད་སྔོན་འགོག་གི་ཆེད་དུ་བྱ་བ་གང་མང་སྒྲུབ་པར་གྲལ་སྒྲིག་བྱས་འདུག  འདི་ལས་ཟུང་ཆུ་རྫོང་ན་གཞོན་པས་སྤྱི་ཚོགས་ལ་བཅངས་བའི་འོས་འགན་མཚོན་ཡོད། ཚང་མས་མཉམ་དུ་འབད་བརྩོན་བྱས་ནས། རང་ཉིད་ཀྱི་སྒོ་ཁ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བརྟན་སྲུང་བྱས་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།