ཕོ་སུལ་ཡུལ་ཚོའི་མི་དམངས་ལ་མི་མེད་གནམ་གྲུས་ཤེས་བྱ་དྲིལ་སྒྲོག་བྱས།

འཛམ་ཐང་དུ་མི་མེད་གནམ་གྲུ་ཡིས་རི་མ་ཐང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་སྒྲོག་བྱས།

རྩོམ་པ་པོ།   དུས་ཚོད།   2020-02-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཉེ་དུས།  སྒོར་སོང་དུས་ཁ་རས་གྱོན་པ་དང་། ཁྱིམ་ནང་དུ་རླུང་རྒྱག་དགོས། ཉལ་ཐུལ་ཉི་མར་སྲོ་བ་ཞེས་པ་དེ། འཛམ་ཐང་རྫོང་ཕོ་སུལ་ཡུལ་ཚོ་བསུ་ཡོ་སྡེ་བའི་རི་མ་ཐང་ནས་བསྒྲགས་ཡོང་བའི་སྐད་དེ་ཐོས་བྱུང་། ཁྱིམ་ནང་དུ་སྡོད་པའི་རི་མ་ཐང་གི་ཁྱིམ་བདག་རྣམས་རང་གི་ཁང་ཐོག་ཏུ་སོང་ནས་རྒྱང་རྟ་བྱས་འདུག  རྒྱུས་ལོན་པར་ལྟར་ན། འཛམ་ཐང་རྫོང་སྤྱི་བདེ་ཅུས་ཀྱི་མི་མེད་གནམ་གྲུ་སྐོར་ནས། ཡུལ་སྐད་ཀྱིས་རི་མ་ཐང་གི་ཁྱིམ་བདག་ཚོར་རང་རང་གི་འཕྲོད་བསྟེན་ལ་གཟབ་དགོས་པའི་སྐོར་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཤེས་བྱ་དྲིལ་སྒྲོག་བྱས་པ་མ་ཟད། བརྙན་ལམ་ཞིབ་བཤེར་ཚད་ལེན་བརྒྱུད་དེ་རི་མ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། རིམས་ནད་སྔོན་འགོག་ལས་ཀའི་ཁྲོད་ལེ་བར་སྟོང་ཕྲག་ལ་ལྟ་ཐུབ་པ་དང་། ཤེས་བྱ་ཡང་དྲིལ་སྒྲོག་བྱེད་ཐུབ་སོང་།

             རི་མ་ཐང་ནི་ས་གནས་གཞན་ལ་བསྡུར་ན། དྲིལ་སྒྲོག་ལེགས་པོ་བྱེད་རྒྱུ་དཀའ་མོ་རེད། ཡུལ་སྡེའི་ལས་བྱེད་དང་དྲིལ་སྒྲོག་ཁ་ཏ་སློབ་སྟོན་གྱི་རུ་ཁག་རྩ་འཛུགས་བྱས་ཡང་སྐུལ་སློང་གཏོང་མི་ཐུབ་པའི་གནད་དོན་ཡོད། ས་ཚིགས་འདིའི་འགན་ཁུར་བའི་གསར་འགོད་པར། མིག་སྔར་གྱི་རིམས་ནད་སྔོན་འགོག་གནས་བབ་ཛ་དྲག་འདིའི་འོག་ཏུ། ཞིང་བ་མང་ཚོགས་རེ་རེའི་རིམས་ནད་སྔོན་འགོག་ལ་དོགས་ཟོན་བྱེད་པའི་འདུ་ཤེས་མཐོར་འདེགས་གང་ལེགས་གཏོང་རྒྱུའི་ཆེད་དུ། མི་མེད་གནམ་གྲུ་སོང་ནས་ཁྱབ་བསྒྲགས་བྱས་ཚེ་ཕན་འབྲས་བཟང་བོ་ཐོབ་རྒྱུ་རེད་ཅེས་བཤད། ལས་བྱེད་མི་སྣ་དང་གཞོགས་འདེགས་བྱས་ནས་རི་མ་ཐང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་ལས་ཀ་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྱབ་བསྒྲགས་ལས་གཞན་ད་རུང་མི་སྣ་འདུས་སྡོད་དང་། ཁ་རས་མི་གྱོན་པ་སོགས་ཀྱི་གནས་ཚུལ་ཡང་མཐོང་བྱུང་། དེ་དུས་རྒྱ་བོད་སྐད་གཉིས་ལམ་ནས་ཁ་ཏ་སློབ་སྟོན་བྱས་ཏེ། རིམས་འགོག་བྱ་བ་ལེགས་པོ་སྒྲུབ་ཐུབ་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།