རྨེ་བ་ས་ཁུལ་ནས་དགོན་པས་དྲོལ་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-02-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རིམས་ནད་ནི་བཀའ་དང་འདྲ་ལ། སྔོན་འགོག་ཚོད་འཛིན་ནི་འོས་འགན་ཡིན། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བས། ཧུང་ཡོན་རྫོང་རྨེ་བ་དགོན་དོན་དམ་ཨུ་ལྷན་རྨེ་བ་ས་ཁུལ་ནས(རྨེ་བ་དགོན། རོང་ཐ་དགོན། ཇོ་མོ་དགོན། ལུང་རིང་དགོན། ར་སྐོར་དགོན། དམག་གསར་དགོན)བཅས་དགོན་ཁག་དྲུག་གིས། ཏང་ཨུའི་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་བྱེད་ཐབས་བཏོན་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དགོན་པ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་མཚམས་འཇོག་རྒྱུ་དང་། ཆོས་ལུགས་བྱེད་སྒོ་རིགས་སྣ་ཚོགས་སྤེལ་མི་ཆོག་པ་བྱས། གྲྭ་བཙུན་ཕྱི་ཕྱོགས་ནས་དགོན་པའི་ནང་དུ་ཕྱིར་ལོག་པར་ཞིབ་བཤེར་དང་དོ་དམ་ཚོད་འཛིན་བྱེད་རྒྱུར་ཤུགས་བསྣན་ཏེ། དད་ལྡན་མང་ཚོགས་ལ་སློབ་སྟོན་དྲིལ་སྒྲོག་བྱ་བ་གང་ལེགས་སྒྲུབ།  

             རིམས་ནད་ལ་བརྩེ་བ་མེད་ཅང་མིའི་བར་ལའང་བརྩེ་བ་ཡོད། ཧུང་ཡོན་རྫོང་ནང་བསྟན་དགོན་པས་སྤྱི་ཚོགས་ལ་བརྩེ་སེམས་འཆང་བ་དང་ཞལ་འདེབས་ཕུལ། རྫོང་ཨུའི་སྲིད་གཞུང་གི་སྣེ་ཁྲིད་བརྟན་པོའི་འོག་ཏུ། སྤྱི་ཚོགས་ལས་རིགས་ཁག་གིས་ཕྱར་བར་གྲུ་འདེགས་དང་། དུས་ངལ་མཉམ་སེལ། རིམས་ནད་ལས་རྣམ་པར་རྒྱལ་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཇེ་སྟོབས་སུ་བཏང་ཡོད་པ་རེད།

        ཉེ་སྔོན། རྒྱུས་ལོན་པར་ལྟར་ན། ཧུང་ཡོན་རྫོང་རྨེ་བ་དགོན་དོན་དམ་ཨུ་ལྷན་ས་ཁུལ་ནས་དགོན་པ་དྲུག་གི་རང་ཉིད་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་བཞི་དང་དགོན་པ་བཅུའི་ཁ་ཏ་སློབ་སྟོན་ས་ཚིགས་སུ་སོང་ནས་མ་དངུལ་སྒོར་ཁྲི་གཅིག་སྟོང་གཉིས་ཀྱི་རིན་གོང་གི་འོ་མ་དང་། གོ་རེ། ཤིང་ཏོག སྔོ་ཚལ། སྟབས་ཐུག། སྐོམ་ཆུ། ཤོག་བུ་རློན་པ་སོགས་ཀྱི་དངོས་རྫས་རིམས་ནད་སྔོན་འགོག་གི་མི་སྣའི་ལག་ཏུ་སྤྲད་ཏེ། ཁོང་ཚོར་བྱམས་སེམས་ཀྱི་དྲོལ་ཁོར་གནང་།

       རྫོང་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུས། རྫོང་ནང་བསྟན་མཐུན་ཚོགས་བཅས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།