འཛམ་ཐང་རྫོང་གིས་ཡུལ་དམག་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་བྱ་བར་ཧུར་ཐག་གིས་ཞུགས།

རྩོམ་པ་པོ།   དུས་ཚོད།   2020-02-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཉེ་སྔོན། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཕྱོགས་ཡོངས་ནས་རྣམ་པར་རྒྱལ་བར་བྱེད་རྒྱུའི་ཆེད་དུ། སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་ཨུ་དང་སྲིད་གཞུང་། མི་དམངས་དྲག་དཔུང་ཉེན་རྟོག་པུའུ་བཅས་ཀྱིས་བཀོད་སྒྲིག་འོག་ཏུ། རྫོང་ཁག་གི་ཡུལ་གྲོང་སོ་སོ་ནས་དྲག་དཔུང་ཉེན་རྟོག་པས་ཡུལ་དམག་མཁོ་བསྟུན་སྒོས་མི་སྣ་བརྒྱ་ལྷག་རྩ་འཛུགས་བྱས་ཡོད། སྡེ་བའི་ནང་དང་ཁྱིམ་ཚང་དུ་སོང་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་ལས་ཀ་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་རྫས་སྦྱིན་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་ཀྱི་སྡེ་བའི་མདོ་ཁར་ཁ་ཏ་སློབ་གསོ་གཏོང་རྒྱུ་ཡང་བཀོད་སྒྲིག་བྱས་ཡོད་ལ། རིམས་ནད་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་ཆེད་རྨང་གཞི་བརྟན་པོ་བཞག་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།