རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལི་ཝུན་ལིའང་ལ་མྱ་ངན་ཞུས།

རྩོམ་པ་པོ།   ཚེ་རིང་དབང་མོ།དུས་ཚོད།   2020-02-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            གསར་འགོད་པས་ཞིན་ཧྭའི་གསར་འགྱུར་ལས་ཤེས་གསར་ལྟར། ཝུའུ་ཧན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་སྨན་པ་ལི་ཝུན་ལིའང་གིས་རིམས་ནད་འགོད་པའི་ཁྲོད་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་ནས་ནུས་ཤུགས་ཡོད་རྒུས་སྲོག་སྐྱོབ་སྨན་བཅོས་བྱས་པ་བརྒྱུད་སྟབས་མི་ལེགས་པར་སྐུ་གཤེགས་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མྱ་ངན་ཟབ་མོ་ཞུས་པ་དང་སྨན་པ་ལི་ཝུན་ལིའང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།

        རིམས་ནད་བྱུང་ནས་བཟུང་། རྒྱ་ཆེའི་སྨན་བཅོས་ལས་དོན་པས་རང་ཉིད་ཀྱི་བདེ་སྡུག་ལ་མི་ལྟ་པར་ཁྱིམ་ཚང་ཆུང་ངུ་དོར་ནས་ཚང་མའི་ཆེད་དུ་དཀའ་ངལ་ལ་མ་འཛེམས་པར་རིམས་ནད་འགོག་པའི་གཡུལ་ས་མདུན་མར་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲོང་སྐྱོང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བས་ང་ཚོས་བླ་ན་མེད་པའི་གུས་འདུད་ཞུ།

        མིག་སྔར། རིམས་ནད་འགོག་བཅོས་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ། སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས། སྤྱི་ཚོགས་ཡོངས་ཀྱིས་སྨན་དོན་མི་སྣ་ལ་དེ་བས་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་སེམས་གཅིག་སྒྲིལ་གྱིས་དུས་ངལ་མཉམ་སེལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོད་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།  

གསར་འགོད་པ་ཚེ་རིང་དབང་མོ།