ནད་དུག་དེ་མིའི་ལུས་ནས་བྲལ་རྗེས་མང་ཤོས་ཉིན་ག་ཚོད་འཚོ་ཐུབ་བམ།

རྩོམ་པ་པོ།   དུས་ཚོད།   2020-02-07   རྩོམ་ཁུངས།    བོད་ཡིག་སྨྱན་སྦྱོར།

      རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི། པེ་ཅིང་ཏི་ཐན་སྨན་ཁང་འགོ་ནད་ཚན་ཁག་གཉིས་པའི་སྨན་རམས་པ་ཅང་རུང་མོང་གིས། 


      ནད་དུག་འདི་མཆིལ་མའི་ཟེགས་མ་དང་ཐུག་རེག་ལས་འགོ་ཡི་ཡོད། ཡིན་ནའང་བར་ཐག་ཉེ་པོ་ཡོད་ན་མ་གཏོགས། མཆིལ་མའི་ཟེགས་མ་ལས་འགོ་ཐུབ་ཀྱི་མེད། གང་ཡིན་ཟེར་ན། མཆིལ་མའི་ཟེགས་མ་ཁ་ནས་ཐོན་རྗེས་འཕྲལ་དུ་ས་ལ་ཟགས་འགྲོ་བ་ལས། མཁའ་རླུང་གི་ཁྲོད་དུ་ལྡིང་ནས་སྡོད་ཀྱི་མེད། 

      གལ་སྲིད་དྲོད་ཚད་འཚམ་པོ་ཡོད་ན་ཉིན་ཁ་ཤས་འཚོ་ཐུབ་ཀྱི་ཡོད། དཔེར་ན་དྲོད་ཚད་ཧྲེ་ཧྲི་ཏུའུ་20དང་བརླན་བཤེར་40%ནས་50%བར་གྱི་ཁོར་ཡུག་ཏུ། ཞིབ་འཇུག་བྱས་པར་གཞིགས་ན། ནད་དུག་ཉིན་ལྔ་ཙམ་འཚོ་ཐུབ་ཀྱི་ཡོད། དེར་བརྟེན་ལག་པ་འཁྲུད་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་གསུངས། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།