འབྲིང་བ་ཡུལ་ཚོས་རིམས་ནད་སྔོན་འགོག་གི་ལས་དོན་སྤེལ་བའི་གནས་ཚུལ།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2020-02-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་གི་ལས་དོན་སྔར་བས་ལེགས་པོར་བསྒྲུབས་ནས། ཡུལ་ཚོ་ཡོངས་ཀྱི་རྒྱ་ཆེ་བའི་སེར་སྐྱ་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ཐད་འགན་ལེན་བྱ་ཆེད། ཉེ་ཆར། ངེད་ཡུལ་ཚོས་ཏོག་གསར་གློ་ཚད་སྔོན་འགོག་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་བསྡུས་པ་བརྒྱུད། སེར་སྐྱ་མང་ཚོགས་ཀྱིས་རུ་སྐོར་སོ་སོ་ནས་རིམས་ནད་སྔོན་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་དང་། རིམས་ནད་སྔོན་འགོག་གི་སྨན་རྫས་དང་བདུག་སྤོས་རིན་མེད་ངང་སྦྱིན་པ། དེ་མིན་སྡེ་བ་ཁག་ཏུ་རིམས་ནད་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་ས་ཚིགས་བཙུགས་པ་དང་། ཁོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་ལེགས་བཅོས་དང་རིམས་འགོག་དུག་སེལ་སོགས་ཀྱི་ལས་དོན་སྤེལ་བར་བརྒྱུད། ངེད་ཡུལ་ཚོས་རིམས་ནད་སྔོན་འགོག་གི་ལས་དོན་ཡོངས་ཚད་མཐོན་པོའི་སྒོ་ནས་སྒྲུབ་ཡོད། 

༡ ཆེད་དོན་ཚོགས་འདུ་འཚོགས་རྗེས། ཁྱོན་ཡོངས་བཀོད་སྒྲིག་བྱས་སོང་།

༢ གཞི་རིམ་སྡེ་བ་ཁག་ནས། རིམས་འགོག་ལྟ་སྐུལ་བྱས་སོང་།

༣ དྲིལ་བསྒྲགས་ཁྲིད་སྟོན་ཁྲོད་ནས། མཉམ་འགོག་ནན་པོ་བྱས་སོང་།  

༤ སྐྱ་སེར་སྐུལ་སློང་བྱས་ཏེ།  སྔོན་འགོག་དྲིལ་བསྒྲགས་བྱས་སོང་།   

༥ ལྟ་བཤེར་ས་ཚིགས་བཙུགས་ནས། རིམས་ནད་གཏན་འགོག་བྱས་སོང་།  

༦ ཁོངས་ཡོངས་གཙང་སྦྲ་བྱས་ཏེ། རིམས་འགོག་དུག་སེལ་བྱས་སོང་། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།