༢༠༢༠ལོའི་དཔྱིད་གསར་དུས་ཆེན་ཡོང་སྔ་བའི་རྒྱུ་མཚན་ཅི་ཡིན།

རྩོམ་པ་པོ།   ཚེ་རིང་དབང་མོ།དུས་ཚོད།   2020-01-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཟླ་1ཚེས་25ཉིན།  2020ལོའི་དཔྱིད་གསར་དུས་ཆེན་བསུ་རྒྱུ་རེད། ད་ལོའི་ལོ་གསར་བཏང་བ་དངོས་གནས་སྔ་འདུག ཅེས་ལོ་ཐོ་ལ་ལྟ་བཞིན་དུ་མི་མང་པོ་ཞིག་ལ་ཚོར་སྣང་ཟབ་མོ་དེ་འདྲ་བྱུང་།

      གནམ་དཔྱད་རིགས་གཅིག་མཁས་ཅན་གྱིས་གསར་འགོད་པར་༢༠༢༠ལོའི་དཔྱིད་གསར་དུས་ཆེན་དངོས་འབྲེལ་སྔ་ཙམ་སླེབས་ཀྱང་སྔ་ཤོས་མ་རེད་ཅེས་བཤད་བྱུང་། དཔྱིད་གསར་དུས་ཆེན་སྔ་མོ་ཡི་གནས་ཚུལ་བྱུང་བ་ནི་ལུགས་རྙིང་དང་ལུགས་རྙིང་བརྗེ་བ་ལས་བྱུང་བ་རེད།

          དཔྱིད་གསར་དུས་ཆེན་ནི་ལུགས་རྙིང་གི་ཟླ་དང་པོའི་ཚེས་གཅིག་ལ་གཏན་འཁེལ་བྱས་ཡོད་མོད།  འོན་ཀྱང་ལུགས་རྙིང་ཁྲོད་ཀྱི་ཟླ་ཚེས་ནི་ངེས་གཏན་མེད་པ་ཞིག་ཡིན།  ཆེད་མཁན་པས་བཤད་ཚུལ་ལ།  ལུགས་གསར་གྱི་ཁྲོད་དུ།  སའི་གོ་ལས་ཉི་མར་སྐོར་བ་གཅིག་བརྒྱབ་ནས་གཟབ་འཁོར་གཅིག་ཕྱིར་ལོག་པའི་ལོ་གཅིག་དང་།  སྤྱིར་བཏང་ལོ་རེར་ཉིན་365རུན་ལོ་ཉིན་366ཡོད།  འོན་ཀྱང་རང་རྒྱལ་གྱི་སྲོལ་རྒྱུན་གྱི་ལུགས་རྙིང་ནི་ཟླ་བ་ཆད་པའི་འགྱུར་ལྡོག་གི་འཁོར་ཡུན་གཞི་འཛིན་ས་བྱས་ནས་ཟླ་གཅིག་ལ་ཕལ་ཆེར་ཉིན་29.5306ཡོད་པ་དང་། ཟླ་བ་12བསགས་པར་ཉིན་354དང་ཡང་ན་ཉིན་355ཡོད་པས་ཕྱིར་ལོག་ལོ་དང་ཧེ་བག་ཉིན་11ཡས་མས་ཡོད་པ་དང་།  ལོ་3གྱི་རིམ་བསགས་ཟླ་བ་གཅིག་ལས་བརྒལ་ཡོད།  གལ་ཏེ་ལུགས་རྙིང་དང་ལུགས་རྙིང་བར་གྱི་ཉིན་གྲངས་ལ་ཁྱད་པར་འདི་འདྲ་བྱུང་ན་དཔྱིད་གསར་དུས་ཆེན་དབྱར་ཁར་རོལ་བའི་སྣང་ཚུལ་འབྱུང་ཁོ་ཐག་ཡིན།   དཔྱིད་གསར་དུས་ཆེན་དེ་སྤྱི་ལོའི་ལུགས་གསར་གྱི་དུས་ཚོད་ནང་བལྟོས་བཅས་ཀྱི་བརྟན་ལྷིང་ཡོང་ཆེད་ལེགས་སྒྲིག་བྱེད་ཐབས་ནི་ལོ་ཁ་ཤས་ནང་ཟླ་བ་13བཀོད་སྒྲིག་བྱེད་པ་དང་ཟླ་བ་གཅིག་པ་གཉིས་ཡོད་པས། ཟླ་བ་མི་ཆད་པ་བྱེད་དགོས།  གལ་ཏེ་ལུགས་རྙིང་གི་ལོ་གོང་མར་རུན་ཟླ་བ་མེད་ན་ལོ་རྗེས་མའི་དཔྱིད་གསར་དུས་ཆེན་སྔ་སྣུར་དུ་འཆར་རྒྱུ་དང་དེ་ལས་ལྡོག་ན་དཔྱིད་གསར་དུས་ཆེན་རྗེས་སུ་ལུས་རྒྱུ་རེད། ཅེས་བཤད།

         འདས་ལ་ཉེ་བའི་ལུགས་རྙིང་གི་ཕག་ལོའི་ལོ་ནི་སྤྱིར་བཏང་གི་ལོ་ཞིག་ཡིན་པས་2020ལོའི་དཔྱིད་གསར་དུས་ཆེན་སྔ་སྣུར་བྱེད་སྲིད། གནས་ལུགས་གཅིག་འདྲ་རེད། ཐོན་ལ་ཉེ་བའི་ལུགས་རྙིང་གི་བྱི་བའི་ལོ་ལ་ཟླ་ལྷག་ཡོད་པ་རེད། དེ་ན་དེའི་རྗེས་ཀྱི་2021ལོའི་ལོ་སར་ལ་རྗེས་སུ་ལུས་རྒྱུ་རེད། 

        གསར་འགོད་པས་ལོ་ཐོ་ལ་བལྟས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོའི་དཔྱིད་གསར་དུས་ཆེན་ནི་ཆེས་སྔ་བ་མ་རེད། ཉེ་ལམ་གྱི་2022ལོའི་དཔྱིད་གསར་དུས་ཆེན་ནི་ལུགས་རྙིང་གི་ཟླ་1ཚེས་23ཉིན་ཡིན་པ་དང་། དེ་ལས་སྔ་བའི་2004ལོའི་དཔྱིད་གསར་དུས་ཆེན་ནི་ལུགས་རྙིང་གི་ཟླ་1ཚེས་22ཉིན་ལ་བབས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།