ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་གྱི་ཞབས་འདེགས་བཟང་བས་ལྗོངས་རྒྱུ་བས་གཟེངས་བསྟོད་བྱས།

རྩོམ་པ་པོ།   དུས་ཚོད།   2020-01-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོ་སྤེལ་བ་ནས་བཟུང་། ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ལྗོངས་རྒྱུ་བ་ནི་ཨང་དང་བོ་ཡིན་པ་དང་། ཞབས་འདེགས་ནི་གཙོ་བོ་ཡིན་པའི་ཞབས་འདེགས་འདུ་ཤེས་བརྟན་པོར་བཟུང་ནས། དོ་དམ་དང་ཞབས་འདེགས་བྱེད་སྐབས་སུ། ཐོག་མཐའ་བར་གསུམ་དུ་སྔུན་མར་ཞབས་ཞུ་དང་། དཔལ་ཡོན་ཞབས་ཞུ། སྤྲོ་སེམས་ཞབས་ཞུ་བཅས་བྱེད་པར་རྒྱུན་འཁྱོངས་བྱས་ལ། སྐད་ཆ་འཇམ་པོ་དང་། སྤྱོད་པ་བཟང་བོ། རྣམ་འགྱུར་ལེགས་པོ། སེམས་པ་བཟང་བོ་བཅས་ཀྱི་སྒོ་ནས་ཞབས་འདེགས་བྱས་པས།  ཏ་ཁོག་འཁྱགས་རོམ་དུ་ཡོང་བའི་ལྗོངས་རྒྱུ་བར་སྤྲོ་སྣང་སྟེར། 

          2019ལོའི་ཟླ་12ཚེས་30ཉིན། སྣེ་ཤན་པ་ཝུའུ་ལགས་ཀྱིས་ལྗོངས་རྒྱུ་བ་ཁག་གཅིག་སྣེ་ཁྲིད་ནས་ཏ་ཁོག་འཁྱགས་རོམ་གྱི་ལྗོངས་ཁུལ་དོ་དམ་ཁྲུའུ་རུ་ཕྱིན་ཏེ། ཕྱོགས་གཅིག་ནས་ལས་ཀ་མི་སྣ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཕྱོགས་གཞན་ཞིག་ནས་ལས་ཀ་མི་སྣའི་ལག་ཏུ། རི་ལུང་ཐམས་ཅད་གངས་ཀྱིས་བཀླུབས་ཀྱང་དཔྱིད་ཀྱི་རྣམ་པ་མངོན།། སྤྲོ་སེམས་འཁོལ་བའི་ཞབས་འདེགས་ཞུ་བས་སེམས་ལ་སྐྱིད་སྣང་ཤར།། ཞེས་ཡི་གེ་བྲིས་ཡོད་པའི་གོས་དར་ཕུལ། དེ་ནི་ལྗོངས་སྐོར་ཁང་ཞིག་གིས་སྣེ་ཤན་པ་ཝུའུ་ལགས་ལ་མངག་བཅོལ་བྱས་ནས་སེམས་པ་མཚོན་བྱེད་ཡིན་པར་མ་ཟད། ལྗོངས་ཁུལ་གྱི་ཞབས་འདེགས་ལེསག་པོ་བྱེད་པར་ཁས་ལེན་དང་གཟེངས་བསྟོད་ཀྱང་ཡིན། 

           ངོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ཏ་ཁོག་འཁྱགས་རོམ་གྱི་ལྗོངས་ཁུལ་དུ་ལྗོངས་རྒྱུ་བ་ཧ་ཅང་མང་། ལྗོངས་རྒྱུ་བ་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་སོང་། ལྗོངས་ཁུལ་གྱི་ལས་ཀ་མི་སྣ་རྣམས་ཀྱིས་དཀའ་ངལ་ཁྱད་དུ་བསལ་ནས་ལྗོངས་རྒྱུ་བ་ལ་ཞབས་འདེགས་ལེགས་པོར་བསྒྲུབས་ཏེ། ལྗོངས་རྒྱུ་བ་ལ་བོར་སོང་བའི་འཛིན་བྱང་ཐེངས་བཅུ་ཕྱིར་སྤྲད་པ་དང་། ལྗོངས་སྐོར་ཁང་ལ་འཛིན་བྱང་སྔ་སེ་ནས་སྤྲད་པ། ལྗོངས་རྒྱུ་བ་ལ་རང་མོས་ཀྱིས་ཆུ་ཚན་དང་ཆར་གོས་སོགས་ཐེངས་2000ལྷག་འདོན་སྤྲོད་བྱས་སོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།