སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ལིའུ་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཀུའུ་ཡུན་ལུང་ཚོགས་ཆེན་དུ་ཞུགས། ཉི་མ་འབུམ་གྱིས་ཚོགས་ཆེན་གྱི་གཙོ་འགན་བཞེས་བ་དང་ཚོགས་ཆེན་མཇུག་སྒྲིལ་བའི་གསུང་བཤད་གནང་།

རྩོམ་པ་པོ།   དུས་ཚོད།   2020-01-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྔ་བའི་གསར་འགྱུར་དྲ་བའི་འཕྲིན (གསརའགོད་པ་ཚེ་རིང་ལྷ་མོ།) ཟླ་1ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་མཇུག་བསྒྲིལ།

               ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཉི་མ་འབུམ་དང་ཝང་མིང་ཧུའེ། ཝང་ཧྲེང་། ཧུང་ཞིའུ་ཡིང་། ལིའུ་ཡུན་ཅན་བཅས་ཡིན།

               ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན་275ཡོད་པ་ལས། དངོས་སུ་ཞུགས་པའི་ཨུ་ཡོན་252ཡོད་པས། 《སྲིད་གྲོས་ཀྱི་སྒྲིག་སྲོལ》གཏན་འབེབས་དང་མཐུན།

               ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་མིང་ཧུའེ་དང་ཝང་པིན། ཀྲང་ཞའོ་ཕིང་། སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། ཆིན་ཁའེ་ཅིན། ལུང་ཀང་། ཝང་ཧྲེང་། ཁྲེན་ཧྥུ་ཧྲེང་། ཧུང་ཞིའུ་ཡིང་། ལིའུ་ཡུན་ཅན། ཁུལ་སྲིད་གྲོས་ཀྱི་དྲུང་ཆེན་མོའུ་ཝེ་ཏུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

              གདན་འདྲེན་ཞུས་པ་ལྟར་ཀྲུའུ་ཞིའི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་། ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་དང་།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། རྔ་བའི་དགེ་འོས་སློབ་གླིང་། རྔ་བའི་ལས་རིགས་སློབ་གླིང་སོགས་ཀྱི་འགོ་ཁྲིད་བློ་མཐུན་བཅས་ཡོད།

             ཁུལ་སྡོད་ཀྱི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཚོགས་ཆེན་དུ་ཟུར་ཞུགས་བྱས་ཡོད་ཅིང་། འབར་ཁམས་སུ་སྡོད་པའི་ཁུལ་རིམ་ལས་ཁུངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཉན་བྱས།

            ལག་བསྟར་ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་ཆེན་གྱི་གཙོ་འགན་བཞེས།

            ཚོགས་ཆེན་དུ་ཐོག་མར་འདེབས་བསྐོ་བྱས། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་འདེམས་བསྐོ་བྱེད་ཐབས་དང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པ། སྤྱིའི་འདེམས་ཤོག་རྩི་མཁན། འདེམས་ཤོག་རྩི་མཁན་བཅས་གྱི་མིང་ཐོ་ལ་གྲོས་འཆམ་བྱུང་། ཨུ་ཡོན་རྣམས་ཀྱིས་རང་མིང་མི་འགོད་པའི་བྱེད་ཐབས་སྤྱད་ནས་འདེམས་ཤོག་འཕངས་ཏེ། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་1བདམས་ཐོན་བྱུང་།

            ཚོགས་ཆེན་དུ《སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ》དང《སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་།

           ལིའུ་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་གུང་རྔ་བ་ཁུལ་ཨུའི་ཚབ་མཛད་དེ་ཚོགས་ཆེན་བདེ་བླག་ངང་མཇུག་བསྒྲིལ་བར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཚོགས་འདུ་ཚོགས་སྐབས། ཨུ་ཡོན་ཚང་མས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། གཞན་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་གཏིང་ཟབ་མོས་སློབ་སྦྱོང་དང་ལག་ལེན་བྱས་ཤིང་། ཁུལ་ཨུའི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། 2020ལོའི་ཁུལ་ཡོངས་ཀྱི་ལས་ཀར་དམིགས་ནས། སྲིད་ཞུགས་ཀྱི་སྤྲོ་བ་ཆེན་པོ་དང་འགན་ཁུར་འདུ་ཤེས་དྲག་པོས་ཀུན་ནས་བསླངས་ཤིང་འཕེལ་རྒྱས་དང་བཅོས་བསྒྱུར་སྐུལ་འདེད་ལ་བློ་གྲོས་ཀྱིས་གཏམས་པའི་ལེགས་བཤད་མང་དུ་བྱུང་ཞིང་། དམངས་འཚོར་བདེ་སྐྱིད་སྔར་ལས་ལྡན་པར་བློ་འདོན་ཇུས་འགོད་བྱས་ཏེ། གཏིང་ཟབ་ཅིང་རྒྱ་ཆེ་བའི་གྲོས་གཞི་དང་བསམ་འཆར་མང་དུ་བཏོན་ཡོད། དེ་ལས་ཨུ་ཡོན་རྣམས་ཀྱི་ཤེས་རྒྱ་ཆེ་ཞིང་བློ་སྤོབས་མཐོ་བ།  ཁྱོན་ཡོངས་འཕེལ་རྒྱས་སེམས་སུ་མངའ་བ། དམངས་ཀྱི་ཆེད་དུ་འགན་འཁྲི་ཁུར་བ་བཅས་ཀྱི་གནས་ཚུལ་མཚོན་འདུག་ལ། ལྷག་ཏུ་ཡང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གཟི་བརྗིད་ཀྱང་གསལ་བོར་མཚོན་འདུག

          ལིའུ་ཕིང་གིས་བསྟན་དོན། 2019ལོར། ཁུལ་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་བྱ་བར་གནང་བའི་བཀའ་སློབ་གལ་ཆེན་སྐོར་གྱི་དགོངས་དོན་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན། བོད་སྐྱོང་འཐབ་ཇུས་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེང་ལྔ་བ་དང་དྲུག་པའི་དགོངས་དོན་དང་། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་ཞིབ་དཔྱོད་ལ་ཕེབས་སྐབས་བཏོན་པའི་བླང་བྱ་གལ་ཆེན་དག་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས། སྐྱེ་ཁམས་དང་། འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། ཀུན་སྤྱོད་བཅས་གནད་འགག་ལྔ་དམ་འཛིན་དང་། དོན་ཆེན་བདུན་དམིགས་སུ་འཛིན་པར་ཤུགས་བརྒྱབ་ཅིང་། གཙོ་གནད་ལས་དོན་ཁག་བཅུ་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། ལས་ཀའི་ཞན་ཆ་རེ་རེ་བཞིན་གསབ་ཅིང་། འཕེལ་རྒྱས་ཀྱི་གེགས་རྐྱེན་རེ་རེ་བཞིན་བསལ་ཏེ། དམངས་ཕན་སྤྱི་ཕན་གྱི་དོན་ཆེན་མང་པོ་ཞིག་ཀྱང་རེ་རེ་བཞིན་འགྲུབ། དབུལ་བྲལ་གནད་སྒྲོལ་དང་། ཉེན་སེལ་རྒུད་སྐྱོབ། གནོད་རྗེས་བསྐྱར་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོང་། འཕེལ་རྒྱས་མྱུར་གཏོང་། མི་རིགས་མཐུན་སྒྲིལ། དམག་དམངས་མཉམ་ལས་ཀྱི་ལས་ཀའི་ཁྲོད་ནས་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དག་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་ཏེ། བྱ་གཞག་གསར་གཏོད་ཐེངས་གསུམ་པའི་དབྱངས་རྟ་གཙོ་བོ་བཀྲོལ་ཡོད། གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འབད་འབུངས་དང་འབྲལ་ཐབས་མེད།

          ལིའུ་ཕིང་གིས་ནན་གྱིས་བསྟན་དོན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་རྩ་འཛུགས་རྣམས་ཀྱིས་ཡང་དག་པའི་ཁ་ཕྱོགས་གཏན་འཇགས་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དང་།ཀྲུང་དབྱང་གིས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་གཏོང་བ་དང་འབྲེལ་བའི་བསམ་འཆར་འགའ་ཞིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་།རང་རྟོགས་ངང་ཀྲུང་དབྱང་དང་།ཞིང་ཨུ་དང་ཁུལ་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་ལས་དོན་སྤེལ་དགོས། ཏང་གི་འགོ་ཁྲིད་ནི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་དགོས་ཤིང་།དེས་སྲིད་གྲོས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱ་དགོས། རང་རྟོགས་སྒོས་བློ་གྲོས་དང་སྟོབས་ཤུགས་ཕུལ་ཏེ་གཞི་རིམ་བཅོས་སྐྱོང་ལ་གཞོལ་དགོས། སྔར་ལས་ལྷག་པར་དམངས་གཙོ་འདོན་སྤེལ་དང་མཐུན་སྒྲིལ་ཇེ་དམ་དང་། ཕན་ཚུན་འབྲེལ་མཐུད། ཐབས་འདོན་སྲིད་སྐྱོང་། གཅིག་མཐུན་གྱི་ལྟ་བ་ཆགས་པ་བཅས་ལ་ཕྱོགས་གཉིས་ནས་ནུས་ཤུགས་འདོན་དགོས། ཧུར་ཐག་གིས་སྲིད་གྲོས་ཀྱི་གྲོས་མོལ་དང་སྤྱི་ཚོགས་བཅོས་སྐྱོང་གཉིས་ཟུང་འབྲེལ་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ཞིག་བཙལ་ཏེ། ཁུལ་ཨུ་ཡིས་བཏོན་པའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་ཁག་13དང་། གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཁག་6གཞི་རིམ་བཅོས་སྐྱོང་གི་ནུས་པ་འཛུགས་སྐྱོང་ཁག་8། དེ་མིན་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་དགོས་ཤིང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་ཇེ་མགྱོགས་སུ་བསྐྲུན་པར་སྲིད་གྲོས་ཀྱིས་བློ་རིག་དང་སྟོབས་ཤུགས་དབུལ་དགོས། སྲིད་ཞུགས་སྲིད་གླེང་བྱས་ཏེ་རང་རྟོགས་སྒོས་ཁྱོན་ཡོངས་ལ་ཞབས་ཕྱི་ཞུ་དགོས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། ཆེད་ལས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་འགན་ནུས་ལག་བསྟར་གྱི་ལས་འགན་གཙོ་བོར་བཟུང་ནས། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་དེ་མགོ་འཛུགས་སར་བྱས་ནས་དམངས་གཙོའི་ལྟ་སྐུལ་གྱི་ལས་དོན་སྤེལ་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ནུས་པ་མཐོར་འདེགས་ལ་འབད་དགོས། སྲིད་གྲོས་རྟོགས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ལམ་བརྩི་བ། ཀུན་སྤྱོད་གཙོ་བ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་བྱས་ཏེ། སློབ་སྦྱོང་ལ་བརྩོན་པ་དང་བསམ་བློ་གཏོང་མཁས་པ། བྱས་རྗེས་མང་པོ་འཇོག་པ་སོགས་བྱ་དགོས།   ཕྱོགས་ཡོངས་ནས་ཆབ་སྲིད་ཡིད་ཆེས་ནུས་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་ནུས་པ། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས་བཅས་ཆེ་རུ་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་འགན་ནུས་ལག་བསྟར་གྱི་གསོན་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བཏང་ནས་ སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་ལག་བསྟར་གྱི་འཇོན་ནུས་ཇེ་ཆེར་གཏོང་དགོས།

          སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་ཀྱང་གསུང་བཤད་གནང་ཞིང་ཁོང་གིས་ནན་གྱིས་གསུང་དོན། ཧྲུའུ་ཅི་ལིའུ་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལོ་གསར་བའི་ནང་དུ་སྲིད་གྲོས་ཀྱི་ལས་ཀ་ཡང་བསྐྱར་གསར་གཏོད་བྱས་ཏེ་སྐས་རིམ་གསར་བ་ཞིག་ཏུ་འཛེགས་ཐུབ་ཆེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་རྩ་འཛུགས་དང་ཨུ་ཡོན་རྣམས་ཀྱིས་འགན་ཁུར་གཙོ་བོ་གྲོས་མོལ་བྱེད་པ་དམིགས་སུ་བཟུང་སྟེ། དུས་རབས་གསར་བས་མི་དམངས་སྲིད་གྲོས་ལ་སྤྲད་པའི་འགན་ནུས་ཀྱི་ནང་དོན་གསར་བ་ཡང་དག་ངང་ལག་བསྟར་བྱ་དགོས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་མང་ཚོགས་ཀྱི་དམངས་འཚོའི་གཙོ་གནད་དང་། དཀའ་གནད་བཅས་ལ་འབྲེལ་བ་ཡོད་པའི་གནད་དོན་དག་ལ་དམ་པོར་དམིགས་ཏེ། ཧུར་ཐག་གིས་རྒྱ་ཆེ་ལ་རིམ་པ་མང་བ། ལམ་ལུགས་ཅན་གྱི་གྲོས་མོལ་སྤེལ་བར་རྩ་འཛུགས་བྱ་དགོས་ཤིང་། དོན་དག་ཡོད་ན་གྲོས་བསྡུར་བྱེད་སླ་ཞིང་། མི་མང་གི་དོན་དག་མི་མང་གིས་བགྲོ་བའི་གྲོས་མོལ་གནས་བབ་ཅིག་ཆགས་པར་འབད་དགོས། བཞེད་དོན་འབུར་ཐོན་བྱས་ཏེ་གཅིག་མཐུན་ལྟ་བ་འཕར་བར་བྱ་དགོས། དུས་རབས་གསར་བའི་ཆ་རྐྱེན་ཁྲོད་དུ་གཅིག་མཐུན་ལྟ་བ་ཆིག་སྒྲིལ་གྱི་ཟླ་མེད་པའི་གལ་ཆེན་རང་བཞིན་དང་། མངོན་སུམ་འཚོ་བའི་མྱུར་མཁོའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པར་དམ་པོར་དམིགས་ཏེ། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་དོན་སྤུས་ལེགས་ངང་སྤེལ་བ་དང་སྦྲགས་ཕྱོགས་ཡོངས་ནས་གཞི་རིམ་གྱི་རེ་ཞུ་བསྡུ་ལེན་བྱེད་པ་དང་། དུས་ཐོག་ཏུ་དཀའ་ཁག་ཆེ་བའི་གནད་དོན་ཚུར་སྣང་བྱ་དགོས་ཤིང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བསམ་བློ་དང་ལྟ་ཚུལ་མི་མཐུན་པ་ཁག་འདོན་པ་དང་བསམ་བློ་བརྗེ་རེས་བྱེད་པར་སྐུལ་མ་གཏོང་དགོས་པར་མ་ཟད། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་ནས་འགྲོ་བར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས། ལམ་ཐིག་གཙོ་བོས་ཁྱོན་ཡོངས་སྐུལ་བ་ཇེ་གསལ་དུ་གཏོང་དགོས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་ནི་སྲིད་གྲོས་ཀྱི་ལས་ཀའི་ལམ་ཐིག་གཙོ་བོ་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས། གྲོང་གསེབ་དར་སྤེལ། རྣམ་གྲངས་འཛུགས་སྐྲུན་སོགས་ལས་ཀ་གཙོ་བོ་དག་ལའང་ཆེས་ཆེར་གཞོལ་དགོས། ཨུ་ཡོན་རྣམས་ཀྱིས་གཏིང་ཟབ་ངང་བརྟག་དཔྱད་དང་ཞིབ་འཇུག་བྱེད་པར་རྩ་འཛུགས་བྱས་ཏེ་ཁུལ་ཨུའི་ཚན་རིག་དང་དམངས་གཙོའི་གྲོས་གཞི་གཏན་འབེབས་ལ་ལེགས་བཤད་དང་ཐབས་མཆོག་དབུལ་དགོས། སྦྱང་བྱ་གཙོ་བོ་ལེགས་པར་སྦྱངས་ཏེ་ཕན་ནུས་གོང་མཐོར་གཏོང་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་ནི་སྲིད་གྲོས་ཀྱི་ལས་ཀའི་རྒྱུ་སྤུས་དང་ནུས་པ་ཇེ་མཐོར་གཏོང་བ་མངོན་འགྱུར་གྱི་སྦྱང་བྱ་གཙོ་བོ་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང་བའི་བརྗོད་གཙོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་གང་ལེགས་བྱ་དགོས་ཤིང་། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པའི་ཟབ་སྦྱོང་བྱེད་ཚད་ཇེ་མཐོར་བཏང་ནས། ཨུ་ཡོན་རྣམས་ཀྱི་ཤེས་རྟོགས་ནུས་པ་དང་བསམ་བློའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་བྱ་དགོས་པ་དང་། འགན་ཁུར་འདུ་ཤེས་སྔར་ལས་ཤུགས་ཆེར་བཏང་སྟེ། ཏང་འཛུགས་སྐྱོང་ནི་སྲིད་གྲོས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་སྐུལ་སློང་དང་ཇེ་མགྱོགས་སུ་གཏོང་བའི་ལྕག་ཚན་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།

          མཐར། ཐེངས་འདིའི་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དཀྲོལ་བའི་ཁྲོད་རྒྱལ་ཁའི་ངང་མཇུག་བསྒྲིལ་ཏོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།