ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ། དུས་ཚོད།   2020-01-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་གྱི་སྔ་དྲོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་ཀའི་སྙན་ཞུ་ཕུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་གི་ཡོན་ཀྲང་ཆིན་ཧའེ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་གི་ལས་ཀའི་སྙན་ཞུ་ཕུལ་བ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཏེང་ཕེང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ཕུལ། 

        ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི་277ཡོད་པ་ལས། དངོས་སུ་ཞུགས་པའི་འཐུས་མི་234ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན། 

        ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཆོན་དང་མ་ཡུའེ་ཙུའུ། ཐེན་ཞང་ཅུན། རེན་ཅན། ལིའུ་ཁྲེན་ཅུན། ཏུའུ་ཡུང་། ཀྲང་ཅན་རུང་། ཧོ་ཡན་པི། ཧྲེན་ཞང་ཏུང་། ལུའོ་དབྱང་། ལུའོ་ཅིང་རྨིན། ཁང་སྒྲོལ་མ་བཅས་ཡིན། 

        ལིའུ་ཕིང་དང་ཀུའུ་ཡུན་ལུང་། ཉི་མ་འབུམ། ཝུའུ་ལི་ཡན། ལུའོ་ཀྲི་པོ། ཧྥན་ཅི་ཡུའེ། ཀའོ་ཅ་ཅུན། ལིའོ་ཧྲེན་ཆང་། ཀྲང་ཐའོ། ཕན་ཀའོ་ཝེ། ཀྲེང་ལེ། ལིའུ་པོ་ཐའོ་སོགས་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་བློ་མཐུན་རྣམས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

             ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་མངགས་བཅོལ་ལྟར་ཚོགས་ཆེན་ལ་ལས་ཀའི་སྙན་ཞུ་ཕུལ།

               ལག་བསྟར་ཀྲུའུ་ཞི་ཝང་ཆོན་གྱིས་ཚོགས་འདུའི་གཙོ་འགན་བཞེས།

               2019ལོའི་ལས་ཀར་ཕྱོགས་སྡོམ་གནང་སྐབས། སྙན་ཞུ་ལས་བསྟན་དོན། 2019ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་བསྟར་མཐིལ་ཕྱིན་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་གཙོ་སློབ་གསོ་སྤེལ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་འབད་འཐབ་རྒྱལ་ཁ་བླངས་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་གོང་དུ་སྤེལ་བའི་ལོ་ཞིག་ཀྱང་ཡིན། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྟོན་དུ་བཟུང་ཞིང་། ཀྲུང་གུང་རྔ་བ་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག སྐྱེ་ཁམས་དང་། འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། སྤྱོད་ཚུལ་བཅས་འགག་རྩ་ལྔ་ལ་དམ་པོར་དམིགས་པ་དང་། ནུས་པ་ཡོད་དགུས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན། ཁོངས་ཡོངས་ལྗོངས་སྐོར་བཅས་དཔེ་སྟོན་གསུམ་ལ་དམ་པོར་དམིགས་པ། ལྗང་མདོག་འཕེལ་རྒྱས་དང་། གནོད་རྗེས་བསྐྱར་བསྐྲུན། དབུལ་བྲལ་གནད་སྒྲོལ། གྲོང་གསེབ་དར་རྒྱས། བརྟན་བརླིང་སྲུང་སྐྱོང་སོགས་ལས་ཀ་གཙོ་བོ་དག་ལ་དམ་པོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་ལག་བསྟར་ནན་ཏན་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ངན་པའི་ཁྲོད་དར་རྒྱས་བྱུང་བ་དང་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་དང་། ཁུལ་བཅོས་སྐྱོང་དང་ཁུལ་དར་རྒྱས་དེ་ཉིད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མཛད་རྗེས་གསར་བ་བཞག་ཡོད།

        སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་གཅིག་རིང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་གཅིག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་དམངས་འཐུས་ཀྱི་ལས་ཀའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས།  གཉིས་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་ལ་ཤུགས་བསྣན་ཡོད་དེ། ནུས་པ་ཡོད་དགུས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ཏུ་བསྟར་ཅིང་རྩ་བ་ཚུགས་པར་བྱས། གསུམ་ནས་གཙོ་གནད་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། དམངས་འཐུས་ཀྱི་ལས་དོན་མུ་མཐུད་ཇེ་ཟབ་ཏུ་བཏང་། བཞི་ནས་ཞབས་ཞུའི་འགན་སྲུང་འབུར་དུ་ཐོན་པར་བྱས་ཏེ། འཐུས་མིའི་ལས་ཀར་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་། ལྔ་ནས་ལོ་ངོ་40ཡི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། “སྡེ་ཁག་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ནན་ཏན་བྱས་ཡོད།

            སྙན་ཞུ་ལས་བསྟན་དོན། 2020ལོའི་རྒྱུན་ཨུ་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གུང་རྔ་བ་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག སྐྱེ་ཁམས་དང་འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། སྤྱོད་ཚུལ་བཅས་འགག་རྩ་ལྔ་ལ་དམ་པོར་དམིགས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཁྲིམས་ལྟར་འགན་ཁུར་བསྒྲུབ་ཅིང་དབང་ཆ་སྤྱོད་པ་དང་། ཁྲིམས་བཟང་པོར་བརྟེན་ནས་བཅོས་སྐྱོང་བཟང་པོ་བྱེད་པ་དང་། ལྟ་སྐུལ་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། ནུས་པ་ཡོད་དགུས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་སྐུལ་འདེད་བྱ་དགོས།

          གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་གི་ཡོན་ཀྲང་ཆིན་ཧའེ་ཡིས་ཁུལ་འབྲིང་རིམ་མི་དམངས་གཅོད་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་ཕུལ་བ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཏེང་ཕེང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ལས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་ན་ནིང་གི་ལས་ཀར་ཕྱོགས་སྡོམ་གནང་བ་དང་། ད་ལོའི་ལས་ཀ་བཀོད་སྒྲིག་བྱས།  

          ཚོགས་འདུར་ད་དུང་«ཚོགས་འདུའི་འདེམས་བསྐོ་བྱེད་ཐབས(འཆར་ཟིན།)»དང་། «ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་དུ་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཉིས་གསར་སྣོན་བྱེད་པའི་ཆོད་དོན(འཆར་ཟིན།)»དང་། «ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་པར་བརྡས་ཐག་གཅོད་ཐབས(འཆར་ཟིན།)»བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

              ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཀྱི་འཐུས་མི་མིན་པའི་ཁུལ་སྲིད་གཞུང་གི་དྲུང་ཆེན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཁུལ་མི་དམངས་ཁྲིམས་གཅོད་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་བ་དང་། ཁུལ་སྲིད་གཞུང་གི་ལས་ཀའི་སྡེ་ཚན་གྱི་འགན་ཁུར་བ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་ཀའི་སྡེ་ཚན་གྱི་འགན་འཁུར་བ། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི། སྒྲིག་ཁྲིམས་ལྟ་ཞིབ་ཚོ་ཆུང་དུ་མངགས་པའི་ཚོ་ཆུང་གི་འགོ་འཛིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ལས་ཁུངས་སོ་སོའི་འགན་འཁུར་བ། མང་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བ། ཞིང་ཆེན་དང་ཁུལ་གཉིས་ཀྱི་འགོ་ཁྲིད་གཅིག་ལྕོགས་ལས་ཁུངས་ཀྱི་འགན་འཁུར་བ། ཁུལ་སྡོད་དྲག་ཆས་ཉེན་རྟོག་པ་དང་། མེ་འགོག་མེ་གསོད། ནགས་ཚལ་ཉེན་རྟོག་པ་བཅས་ཀྱི་འགན་ཁུར་བ། རང་ཁུལ་གྱི་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བ་དང་། རང་ཁུལ་དུ་སྡོད་པའི་རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་འཐུས། རྫོང་སོ་སོའི་བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ་དང་འགན་ཁུར་བ་རྣམས་གྲོས་ཚོགས་སུ་ཟུར་ཞུགས་བྱས།

              ཁུལ་རིམ་ལས་ཁུངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཁའོ་རིམ་གཞོན་པ་ཡན་གྱི་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཉན་བྱས་སོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།