ཚོགས་ཆེན་གཉིས་ནི་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།།

རྩོམ་པ་པོ།   དུས་ཚོད།   2020-01-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བ་ཁུལ་གྱི་ཚོགས་ཆེན་གཉིས་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་རེད། ཚོགས་ཆེན་གཉིས་ཀྱི་སྔོན་དུ། རྔ་སྒྲ་ཚང་གིས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་གྱིས་ལས་དོན་སྒྲུབ་ཚུལ་དང་འཚོ་བ་རོལ་སྟངས་སྐོར་གྱི་གནས་ཚུལ་གྱི་བརྙན་ཐུང་བརྒྱད་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་གཟིགས་མཁན་རྣམ་པའི་འདྲེན་བྱེད་མིག་གི་དགའ་སྟོན་དུ་འགྱུར་བར་སྨོན། 


         ང་ནི་དགེ་འདུན་འཚོ་ཡིན། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པ་ཡིན། རྔ་ཁུལ་གྱི་ཚོགས་ཆེན་གཉིས་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།། འདི་ན་ཁྱེད་ཅག་གིས་དོ་ཁུར་བྱེད་བཞིན་པའི་གནས་ཚུལ་ཡོད།

གསར་འགོད་པ།

     འཐུས་མི་ཝང་ཁྱེད་བདེ་མོ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་ཙམ་བྱེད་རོགས་གནོངས།

འཐུས་མི་ཝང་།

     ང་ནི་མའོ་རྫོང་ཝེ་མོན་ཡུལ་ཚོ་ཏི་ཧྲེང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཝང་ཧྲོའུ་ཕིང་ཡིན་ལ། རྔ་བ་ཁུལ་གྱི་སྐབས་བཅུ་གཉིས་པའི་ཁུལ་གྱི་མི་དམངས་འཐུས་མི་ཡིན།

གསར་འགོད་པ།

     ལོ་སྔོན་མར་ཁྱེད་ཀྱིས་གྲོས་གཞི་ཅི་ཞིག་བཏོན་པ་ཡིན་ནམ།

འཐུས་མི་ཝང་།

      ན་ནིང་གི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། གྲོས་གཞི་གསུམ་བཏོན་པ་ཡིན། གཅིག་ནི་མའོ་རྫོང་གྲོང་ཁུལ་ནས་ཧྲི་ཏ་ཀོན་213རྒྱལ་ལམ་གཞུང་ལམ་ལམ་ཐིག་གི་སྔོན་མེད་ས་གཤིས་གནོད་འཚེ་བཅོས་སྐྱོང་སྐོར་དང་། གཉིས་ནི་མའོ་རྫོང་ནས་པེ་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་སྐོར་དང་། གསུམ་ནི་མའོ་རྫོང་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་སྐོར་ཡིན། 

གསར་འགོད་པ།

      མའོ་རྫོང་གྲོང་ཁུལ་ནས་ཐའེ་ཕིང་གྲོང་རྡལ་གཞུང་ལམ་ལམ་ཐིག་གི་སྔོན་མེད་ས་གཤིས་གནོད་འཚེ་བཅོས་སྐྱོང་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ།

འཐུས་མི་ཝང་།

     ད་སྐབས་ཐའེ་ཕིང་གྲོང་རྡལ་གྱི་ཧྲ་མ་སྡེ་བའི་གཏན་འཇགས་མིན་པའི་ལ་གཟར་གྱི་གནད་དོན་ཐག་གཅོད་བྱས་ཡོད། མ་དངུལ་གཤམ་དུ་གཏོང་ཚད་སྒོར་ཁྲི་4000ལྷག་ཡིན། དེང་སྐབས་ཚོང་འགུག་འདྲེན་འཚོལ་ལེགས་གྲུབ་བྱུང་ཡོད། ཨར་བསྐྲུན་བྱེད་བཞིན་པའི་སྒང་ཡིན།

གསར་འགོད་པ།

       ང་ཚོས་མའོ་རྫོང་ནས་པེ་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་ཨར་བསྐྲུན་སྐོར་ལ་དོ་ཁུར་ཧ་ཅང་ཆེ་བས། གནས་ཚུལ་ག་འདྲ་ཡིན་ནམ།

འཐུས་མི་ཝང་།

      མའོ་རྫོང་ནས་པེ་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་བསྐྲུན་སྐོར་ལ་ད་སྐབས་ཆེད་དམིགས་ཞིབ་འཇུག་སྙན་ཞུ་གྲུབ་ཟིན་པས། གོམ་སྟབས་རྗེས་མར་ལག་བསྟར་བྱེད་རྩིས་ཡོད།

གསར་འགོད་པ།

      ཡང་མའོ་རྫོང་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ།

འཐུས་མི་ཝང་།

     མའོ་རྫོང་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ཆེད་དམིགས་ཞིབ་འཇུག་སྙན་ཞུའང་གྲུབ་ཟིན་ལ། ལམ་ཐིག་དང་གཞི་ཚིགས་ལྟ་བུ་གཞི་གྲངས་འདོན་སྤྲོད་བྱས་ཡོད།

གསར་འགོད་པ།

     ད་ལོའི་རྔ་ཁུལ་གྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བས། ཁྱེད་ཀྱིས་གྲོས་གཞི་གང་འདྲ་ཞིག་འདོན་རྩིས་ཡོད་དམ།

འཐུས་མི་ཝང་།

      ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ངའི་གྲ་སྒྲིག་བྱས་པའི་གྲོས་གཞི་གཅིག་ནི། ཁྲེང་ལན་ལྕགས་ལམ་རྔ་བ་ཁུལ་གྱི་ལམ་མཚམས་ཀྱི་མེ་འཁོར་འབབ་ཚིགས་དང་པོ་ཀོང་མིང་གྲོང་རྡལ་དུ་ཡོད། ཀོང་མིང་གྲོང་རྡལ་ནས་མའོ་རྫོང་བར་གྱི་མགྱོགས་ལམ་ལ་ད་སྐབས་ཀྱོག་མང་ལ་ལམ་དོག དགུན་ཁ་ད་རུང་འཁྱག་རོམ་ཡོད། མེ་འཁོར་འབབ་ཚིགས་ཀྱི་མགྱོགས་ལམ་གྱི་འཁོར་སྐྱོད་ལ་གནོད་པས། མའོ་རྫོང་ནི་དངོས་ཟོག་ཕྱིར་སྐྱེལ་ལྟེ་གནས་ཤིག་ཡིན་པས་ན། མེ་འཁོར་འབབ་ཚིགས་ཡོད་ན། ངེས་པར་དུ་ལམ་ཞེང་འཛུགས་སྐྲུན་རྒྱ་བསྐྱེད་བྱེད་དགོས། གཉིས་ནི་མའོ་རྫོང་གི་ཡ་ཏུའུ་ནས་ལིས་རྫོང་གི་འབོ་ཏོག་ཤུ་ཀོ་བར་དུ་རི་ཞིག་ཡོད་ལ། ལྗོངས་སྐོར་གྱི་ནང་གི་ལམ་ཐིག་འདི་སྦྲེལ་མཐུད་བྱས་ནས། ལྗོངས་སྐོར་གྱི་ནང་གི་འཁོར་རྒྱུག་ལ་སྟབས་བདེ་བསྐྲུན་པ། ལིས་རྫོང་ནས་ནང་ལོགས་སུ་བགྲོད་པའི་ནང་ལོགས་ལྗོངས་སྐོར་བ་ལིས་རྫོང་ནས་བསྐྱོད་དེ་མའོ་རྫོང་ནས་ཕྱིར་བསྐོར་བ། ཕྱིར་ལོག་གི་ལམ་ལ་འགྲོ་མི་དགོས་པ། དེ་མིན་ས་གནས་མི་འདྲ་བ་ལ་ཕྱིན་ནས་ཡུལ་ལྗོངས་མི་འདྲ་བ་ལ་བལྟ་ཆོག རྫོང་གཉིས་སུ་འཁོར་རྒྱུག་བྱས་ནས་དཔལ་འབྱོར་གྱི་ཡོང་འབབ་ངེས་ཅན་ཐོབ་པར་བྱ་བ། གསུམ་ནི་མའོ་རྫོང་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། རྒྱུ་མཚན་ནི་དེང་སང་213ལམ་ཐིག་གི་གཞུང་ལམ་གྱི་གནོན་ཤུགས་ཧ་ཅང་ཆེ་བས། མྱུར་བར་གཞུང་ལམ་འདི་དག་ལས་བགྲོད་ཐུབ་པའི་རེ་འདུན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།