ཚོགས་ཆེན་གཉིས་ནི་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།།

རྩོམ་པ་པོ།   དུས་ཚོད།   2020-01-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བ་ཁུལ་གྱི་ཚོགས་ཆེན་གཉིས་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་རེད། ཚོགས་ཆེན་གཉིས་ཀྱི་སྔོན་དུ། རྔ་སྒྲ་ཚང་གིས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་གྱིས་ལས་དོན་སྒྲུབ་ཚུལ་དང་འཚོ་བ་རོལ་སྟངས་སྐོར་གྱི་གནས་ཚུལ་གྱི་བརྙན་ཐུང་བརྒྱད་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་གཟིགས་མཁན་རྣམ་པའི་འདྲེན་བྱེད་མིག་གི་དགའ་སྟོན་དུ་འགྱུར་བར་སྨོན། 

           ང་ནི་དགེ་འདུན་འཚོ་ཡིན། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པ་ཡིན། རྔ་ཁུལ་གྱི་ཚོགས་ཆེན་གཉིས་དགའ་བས་བསུ།། འཐུས་མི་ཨུ་ཡོན་བྲེལ་བར་ལྟ།། འདི་ན་ཁྱེད་ཅག་གིས་དོ་ཁུར་བྱེད་བཞིན་པའི་གནས་ཚུལ་ཡོད།

གསར་འགོད་པ།

          ཨུ་ཡོན་ཧོ་ཁྱེད་བདེ་མོ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་ཙམ་བྱེད་རོགས་གནོངས།

ཨུ་ཡོན་ཧོ། 

          ཁྱེད་བདེ་མོ། ངའི་མིང་ལ་ཧོ་མེང་པེན་ཟེར། ང་ནི་རྔ་བ་ཁུལ་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་ཀྱི་འཐུས་མི་ཡིན་ལ། ལིས་རྫོང་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་དཀྱུས་མའི་ཀྲུའུ་རེན་སྨན་པ་གཞོན་པའང་ཡིན། 

གསར་འགོད་པ།

          ཁྱེད་ཚོས་ལོ་སྔོན་མར་གྲོས་གཞི་ཅི་ཞིག་བཏོན་པ་ཡིན་ནམ། 

ཨུ་ཡོན་ཧོ། 

          ན་ནིང་ང་ཚོས་ཚོགས་ཆེན་གཉིས་ཀྱི་སྟེང་གྲོས་གཞི་གཉིས་བཏོན་ཞིང་། གྲོས་གཞི་དང་པོ་ནི་ལིས་རྫོང་ནས་ཁྲོ་ཆུ་བར་གྱི་གཞུང་ལམ་དང་ལིས་རྫོང་ནས་བཙན་ལྷ་བར་གྱི་གཞུང་ལམ་གྱི་འཛུགས་སྐྲུན་སྐོར་གྱི་གྲོས་གཞི་དང་། གྲོས་གཞི་གཉིས་པ་ནི་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་དགོས་པའི་སྐོར་གྱི་གྲོས་གཞི་ཡིན། 

གསར་འགོད་པ།

         ལིས་རྫོང་ནས་ཁྲོ་ཆུ་བར་གྱི་གཞུང་ལམ་དང་ལིས་རྫོང་ནས་བཙན་ལྷ་བར་གྱི་གཞུང་ལམ་གྱི་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ། 

ཨུ་ཡོན་ཧོ། 

         ལིས་རྫོང་ནས་ཁྲོ་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་ད་སྐབས་ཚོད་ལྟའི་རྟགས་དུམ་ཡིན་ལ། ལས་གྲྭ་དེ་ལ་མ་དངུལ་སྒོར་ཁྲི་3200བཏང་ཞིང་། ལས་གྲྭ་ཡོངས་ཀྱི་བརྒྱ་ཆ་60ལེགས་འགྲུབ་བྱུང་ཡོད་པ་དང་། ལིས་རྫོང་ནས་བཙན་ལྷ་བར་གྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་39000བཏང་ཞིང་། ལས་གྲྭ་ཡོངས་ཀྱི་བརྒྱ་ཆ་60ལེགས་འགྲུབ་བྱུང་ཡོད་པ་དང་། ལས་གྲྭ་ཆ་ཤས་ཀྱི་ལེགས་འགྲུབ་བྱུང་ཚད་བརྒྱ་ཆ་80ཟིན་ཡོད། 

གསར་འགོད་པ།

         སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་དགོས་པའི་སྐོར་གྱི་གནས་ཚུལ་ག་འདྲ་ཡིན་ནམ། 

ཨུ་ཡོན་ཧོ། 

         སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་600བཏང་ཞིང་ཞིབ་བཤེར་རྩིས་ལེན་བྱས་ཟིན། གཙོ་བོར་སྒོ་བསྟེན་སྨན་བཅོས་ཐོག་ཁང་དང་། ནད་པའི་སྡོད་ཁང་། ཕྱོགས་བསྡུས་ཐོག་ཁང་། ད་དུང་འགོས་ནད་འགོས་པའི་ཐོག་ཁང་གི་ཐོག་ཁར་ཆུ་འཛིར་བ་དང་། ཆར་ཆུ་འགོག་པ་བཅས་ཀྱི་འཛུགས་སྐྲུན། དེ་དང་ཆབས་ཅིག་ང་ཚོའི་ནད་ལྕི་གསོ་རིག་ཚན་ཁག་གི་འཛུགས་སྐྲུན་དང་། འཇུ་བྱེད་ནང་ཤེལ་གྱི་འཛུགས་སྐྲུན། ཞི་བདེ་ཁང་གི་འཛུགས་སྐྲུན། དེ་བཞིན་སྨན་བཅོས་བེད་མེད་དངོས་པོ་གནས་སྐབས་འཇོག་ས། ད་དུང་སྨན་ཁང་ཡོངས་ཀྱི་ཆུ་ཡུར་གྱི་བཅོས་སྒྲིག་བཅས་ཡིན།  

གསར་འགོད་པ།

      ད་ལོའི་རྔ་ཁུལ་གྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བས། ཁྱེད་ཀྱིས་གྲོས་གཞི་གང་འདྲ་ཞིག་འདོན་རྩིས་ཡོད་དམ།

ཨུ་ཡོན་ཧོ། 

         ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ངས་གྲོས་གཞི་གཉིས་གྲ་སྒྲིག་བྱས་ཡོད་དེ། དང་པོ་ནི་ལིས་རྫོང་ས་ཁུལ་གྱིས་རྗེས་ཕྱོགས་འབྲེལ་ཡོད་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དེ་བས་མང་པོ་ནང་འདྲེན་དང་སོར་ཉར་བྱེད་ཆེད་དང་། ད་ཡོད་ཀྱི་ལས་བྱེད་པ་ཡོངས་ཀྱིས་སེམས་ཁུར་ཆེ་ཤོས་དང་ས་ཁུལ་གྱི་རིགས་དབྱེ་གནད་དོན་ཐག་གཅོད་པའི་སྐོར་དང་། གཉིས་པ་ནི་ལིས་རྫོང་ནས་ཁྲོ་ཆུ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་སྐུལ་སྤེལ་གནས་ཚུལ་དང་མ་དངུལ་གྱི་དཀའ་གནད་བཅས་ཀྱི་ཐད་ནས་རྩ་འཛུགས་ལ་རེ་ཞུ་ཞུས་ནས་ཁུལ་དང་ཞིང་ཆེན། དེ་བཞིན་རྒྱལ་ཁབ་འགྲིམ་འགྲུལ་པུའུ་བཅས་ཀྱི་རྣམ་གྲངས་ཀྱི་འདེགས་སྐྱོར་བརྩོན་ལེན་བྱ་དགོས་པ་དང་། གཞུང་ལམ་འདི་གང་མགྱོགས་ངང་ལེགས་འགྲུབ་ཡོང་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།