རང་ཁུལ་གྱིས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ།   དུས་ཚོད།   2020-01-07   རྩོམ་ཁུངས།   

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། གསོ་ཚགས་ཁྱིམ་ཚང་གིས་ཐོན་སྐྱེད་ཁྲོད་འཕྲད་པའི་དཀའ་གནད་ལ་ལན་འདེབས་པ་དང་དངོས་སྤྱོད་ལག་རྩལ་གསར་བ་བསླབས་ནས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱ་ཆེད། ཉེ་ཆར། རང་ཁུལ་གྱིས་མའོ་རྫོང་དུ་ཉིན་2ཀྱི་རིང་ལ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྡུས།

            ཐེངས་འདིའི་གསོ་སྦྱོང་གིས་གཅིག་སྡུད་སློབ་ཁྲིད་དང་ཆེད་དོན་སློབ་ཁྲིད་སྦྲེལ་བའི་བྱེད་ཐབས་ལ་བརྟེན་ཞིང་། སློབ་ཚན་གྱི་ནང་དོན་ནི་ཚུལ་མཐུན་གྱིས་ཕག་གསོ་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ལས། ཤིང་སྡོང་ལེགས་བཅོས་གསོ་སྤེལ། གྲོང་གསེབ་ཀྱི་ལྗོངས་སྐོར་འཕེལ་རྒྱས་བཅས་རེད། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣ་དང་མང་ཚོགས་ཚན་རྩལ་ལ་བརྟེན་ནས་དབུལ་བྲལ་ཕྱུག་འགྱུར་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རོགས་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་གཏོང་ཆེད་ལག་རྩལ་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་ཆེད་བཅས་ཡིན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།